ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་གཉིས་རྣམ་གཉིས་ཀྱིས་དབྱིན་ཇིའི་ཝེ་ཨེར་ཧྲིའི་རྒྱུད་འཛིན་པ་ཁྲ་ཨེར་སི་སྐུ་ཟླ་གཉིས་དང་འཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-21




ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་གཉིས་རྣམ་གཉིས་ཀྱིས་དབྱིན་ཇིའི་ཝེ་ཨེར་ཧྲིའི་རྒྱུད་འཛིན་པ་ཁྲ་ཨེར་སི་སྐུ་ཟླ་གཉིས་དང་འཇལ་འཕྲད་གནང་།



ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་གཉིས་རྣམ་གཉིས་ཀྱིས་དབྱིན་ཇིའི་ཝེ་ཨེར་ཧྲིའི་རྒྱུད་འཛིན་པ་ཁྲ་ཨེར་སི་སྐུ་ཟླ་གཉིས་དང་འཇལ་འཕྲད་གནང་།


  སྤྱི་ཟླ་10པའི་ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་གཉིས་དབྱིན་ཇིའི་ཝེ་ཨེར་ཧྲིའི་རྒྱུད་ཤུལ་འཛིན་པ་ཁྲར་སི་དང་ཁོང་གི་སྐུ་ལྕམ་ཁཱ་མི་ལ་དང་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་ཀྲུང་དབྱིན་ནི་ཤུགས་རྐྱེན་གལ་ཆེན་ཡོད་པའི་རྒྱལ་ཁབ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྱབ་ཁོངས་ལས་བརྒལ་ཏེ་ཉིན་རེར་བཞིན་ཐབས་ཇུས་ཀྱི་དོན་སྙིང་དང་འཛམ་གླིང་གི་དོན་སྙིང་ལྡན་པའི་ཕྱོགས་སུ་འཕེལ་བཞིན་ཡོད། ལོ་ངོ་མང་པོའི་རིང་། དབྱིན་ཇིའི་རྒྱལ་རྒྱུད་ཀྱིས་ཀྲུང་དབྱིན་འབྲེལ་བའི་འཕེལ་རྒྱས་ལ་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་པ་རེད། ཀྲུང་གོའི་ཕྱོགས་ནས་དབྱིན་ཇི་དང་འབྲེལ་འདྲེས་བྱེད་པར་ཤུགས་སྣོན་བྱས་ཏེ་མཉམ་ལས་འབྲེལ་བ་གོང་འཕེལ་དུ་གཏང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སུ་འགྲོ་བར་ཤུགས་སྣོན་བྱ་འདོད། དབྱིན་ཇིའི་རྒྱལ་རྒྱུད་མི་སྣ་ཀྲུང་གོར་འཚམས་འདྲི་མང་དུ་ཕེབས་པར་དགའ་བསུ་ཞུ་ཞེས་བསྟན།

  རྒྱལ་རྒྱུད་ཤུལ་འཛིན་པ་ཁྲར་སི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དབྱིན་ཇིར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲིར་དོན་སྨིན་ལེགས་འགྲུབ་བྱུང་བ་དང་། འདིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་པའི་བསམ་ཚུལ་བསྟན། ཀྲུང་དབྱིན་ནི་འོད་སྟོང་འབར་བའི་རིག་གནས་དང་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་གཉིས་ཡིན་ལ། སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་ཤིན་ཏུ་གལ་ཆེན་ཡིན་པས་ཕྱོགས་གཉིས་ཀྱི་འདིའི་ཐད་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་ཆོག་ཅེས་བསྟན། 

  ཞི་ཅིན་ཕིང་དང་རྒྱལ་རྒྱུད་ཤུལ་འཛིན་པ་ཁྲར་སི་ད་དུང་རྒྱུན་མཐུད་འཕེལ་རྒྱས་དང་གནས་གཤིས་ཀྱི་འགྱུར་ལྡོག ཐཱན་ཉུང་འཚོ་བ། ནུས་ཁོངས་དག་གཙང་སོགས་ཀྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ཀྲུང་དབྱིན་གཉིས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་དགོས་པར་གཅིག་མཐུན་གྱི་ལྟ་ཚུལ་བྱུང་།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1