ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤོ་འགུལ་འཁོར་སྐར་སྤྱི་གཉེར་ཁང་ལ་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-24


  སྤྱི་ཟླ་10པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོན་ཏོན་ནས་རྒྱལ་སྤྱིའི་སྤོ་འགུལ་འཁོར་སྐར་སྤྱི་གཉེར་ཁང་ལ་རྟོག་ཞིབ་མཛད། དབྱིན་ཇིའི་རྒྱལ་སྲས་ཨན་ཏི་ལོའོ་དང་ནོར་སྲིད་པུའུ་ཀྲང་། དབུ་བཞུགས་བློན་ཆེན་ཧན་ཙི་གཉིས་ཀྱིས་ཕེབས་རོགས་གནང་།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤོ་འགུལ་འཁོར་སྐར་སྤྱི་གཉེར་ཁང་གི་ལོ་རྒྱུས་དང་ཀྲུང་གོའི་མཉམ་འབྲེལ་འགྲེམ་སྟོན། དེ་མིན་འཁོར་སྐར་སྒྲིག་ཆས་བཅས་ལ་རྟོག་ཞིབ་མཛད། དེ་རྗེས་ཞི་ཅིན་ཕིང་དྲ་རྒྱའི་འཁོར་བསྐྱོད་ལྟེ་གནས་སུ་ཕེབས་ནས་རྒྱལ་སྤྱིའི་འགྲིམ་འགྲུལ་འཁོར་སྐར་འཁོར་སྐྱོད་ཀྱི་མ་ལག་ལ་རྟོག་ཞིབ་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱལ་སྤྱིའི་རྒྱལ་སྤྱིའི་སྤོ་འགུལ་འཁོར་སྐར་སྤྱི་གཉེར་ཁང་གི་མཉམ་འབྲེལ་ལ་རྨང་གཞི་བཟང་པོ་ལྡན་པ་རེད། རྒྱུད་གཅིག་ལམ་གཅིག་འཐབ་ཇུས་འཕེལ་རྒྱས་སུ་གཏང་བ་དང་བསྟུན་ནས། མཉམ་ལས་ཀྱི་མདུན་ལྗོངས་ལ་སྔར་ལས་རྒྱ་ཆེན་པོ་ལྡན། མཉམ་སྦྲེལ་མཉམ་མཐུད་གསར་གཏོད་བྱེད་པའི་ཆ་རྐྱེན་དང་ཁོར་ཡུག་ནི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་གནད་དམ་པ་ཡིན། ཀྲུང་གོའི་ཕྱོགས་ནས་འབྲེལ་ཡོད་རྒྱལ་ཁབ་དང་ལྷན་དུ་རྒྱལ་སྤྱིའི་འཕྲིན་སྦྱོར་ཆུ་ཚད་ཇེ་མཐོར་གཏང་འདོད་ཅེས་བསྟན། ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱིས་འཁོར་སྐར་འཕྲིན་སྦྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་འདིས་ཕྱོགས་གཉིས་ཀྱི་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་སྤེལ་བར་ཕན་པར་མ་ཟད། འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་མི་དམངས་ལའང་ཕན་ནུས་ཆེན་པོ་འདོན་ངེས། རྒྱལ་སྤྱིའི་སྤོ་འགུལ་འཁོར་སྐར་སྤྱི་གཉེར་ཁང་གིས་མུ་མཐུད་དུ་ཀྲུང་གོའི་འབྲེལ་ཡོད་སྡེ་ཁག་གི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བར་འཕེལ་རྒྱས་སུ་གཏང་དགོས་པའི་རེ་བ་བཏོན།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1