ཞི་ཅིན་ཕིང་གིས་དབྱིན་ཇིའི་མཛའ་མཐུན་མི་སྣར་མཉམ་དུ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-24


  སྤྱི་ཟླ་10པའི་ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོན་ཏོན་ནས་མཉམ་དུ་དབྱིན་ཇིའི་སྔོན་མའི་དབུ་བཞུགས་བློན་ཆེན་པའུ་ལང་སོགས་དབྱིན་ཇིའི་མཛའ་མཐུན་མི་སྣར་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཐོག་མར་དབྱིན་ཇིའི་མཛའ་མཐུན་མི་སྣས་ཀྲུང་དབྱིན་མཛའ་འབྲེལ་གྱི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས། ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་རིགས་སོ་སོའི་མཛའ་མཐུན་མི་སྣའི་རྒྱབ་སྐྱོར་དང་འབད་བརྩོན་དང་ཁ་བྲལ་ཐབས་མེད་ལ། ཁྱེད་ཅག་གིས་ཀྲུང་དབྱིན་འབྲེལ་བའི་འཕེལ་རྒྱས་ཐད་ལ་བཏོན་པའི་ལྟ་ཚུལ་དང་དགོངས་འཆར་ལ་ཉན་འདོད་ཅེས་བསྟན། 

  མཛའ་མཐུན་མི་སྣ་དག་གིས་ཀྲུང་ཞི་ཞི་ཅིན་ཕིང་དབྱིན་ཇིའི་འཚམས་འདྲི་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། འཚམས་འདྲིའི་སྐབས་སུ་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་མཉམ་ལས་ཆོད་ཡིག་བཀོད་པར་དགའ་སྤྲོ་སྐྱེས་པའི་བསམ་ཚུལ་བསྟན། འདས་པའི་ལོ་ངོ་30འགོར་བའི་རིང་ལ། ཀྲུང་གོས་རྒྱལ་ཁའི་ངང་མི་གྲངས་དུང་ཕྱུར་ཁ་ཤས་དབུལ་ཕོངས་ལས་བསྐྱབས་ཤིང་མིག་སྔར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བརྩོན་བཞིན་འདུག ཀྲུང་གོ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ནུས་པ་གལ་ཆེན་འདོན་ངེས་ཡིན་ལ། མཉམ་སྦྲེལ་མཉམ་མཐུད་ནི་ཀྲུང་གོ་དང་ཡོ་རབ་གླིང་གི་མཉམ་ལས་ཀྱི་འབྲེལ་ཟམ་ཡིན། དབྱིན་ཇིའི་ཕྱོགས་ནས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་གཏོང་དངུལ་ཁང་དང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།

  ཞི་ཅིན་ཕིང་གིས་དབྱིན་ཇིའི་མཛའ་མཐུན་མི་སྣའི་གཏམ་བཤད་ལ་གསན་རྗེས། ཁྱེད་ཅག་གི་གཏམ་བཤད་ལས་ངས་ལོ་ངོ་བཅུ་ལྷག་གི་མཉམ་འབྲེལ་བརྒྱུད་ཀྲུང་དབྱིན་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཕྱིན་ཞིང་དབྱིན་ཇིའི་ལས་རིགས་སོ་སོའི་མི་སྣའི་འབད་བརྩོན་འདུས་ཡོད་པ་ཚོར་ཞིང་། ཐེངས་འདིར་དབྱིན་ཇིའི་འཚམས་འདྲི་ལས་ང་ཚོས་བློ་བརྟན་འགྱུར་མེད་ངང་མཉམ་དུ་ཀྲུང་དབྱིན་འབྲེལ་བ་དུས་རབས་21ལ་ཕྱོགས་པའི་འཛམ་གླིང་ཕྱོགས་ཡོངས་ཐབས་ཇུས་འབྲེལ་བར་སྒྲིག་འགོད་བྱེད་པར་ཡིད་ཚིམ་བྱུང་ཡོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1