སི་ཁྲོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-25


    སྤྱི་ཟླ་10པའི་ཚེས་22ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་འཚོགས་ནས། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་གནས་བབས་ལ་དབྱེ་ཞིབ་དང་དམངས་འཚོའི་ལས་ཀའི་འཕེལ་རིམ་གནས་ཚུལ་སོགས་གྱི་སྙན་ཞུ་ལ་གསན་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།
    གྲོས་ཚོགས་ཐོག་བསྟན་དོན། ད་ལོ་ནས་བཟུང་རང་རེའི་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན་བྱས་ཤིང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དོན་སྙིང་རྒྱུན་འཁྱོངས་བྱས་ཏེ།  འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་གཏིང་ཟབ་བྱས་ནས། ནུས་ཤུགས་ཡོད་རྒུས་ནང་མཁོར་བརྟེན་ནས་སྐུལ་ཁྲིད་དང་། ཐོན་ལས་ཀྱིས་སྐུལ་ཁྲིད། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་མཚམས་སུ་གནས་ཡོད་པ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་ལེགས་གྲུབ་བྱུང་ཚུལ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལེགས་པོར་ཡོང་ཡོད། གྲུབ་འབྲས་ཁས་ལེན་བྱེད་པའི་དུས་མཚུངས་སུ། ངེས་པར་དུ་རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་སྔར་བཞིན་ཆེ་བའི་སྤྱི་ཁོག་གི་ཁོག་ཡུག་ལ་ཚད་མཐོའི་དོ་ཁུར་བྱེད་དགོས་པ་དང་། ཐེངས་གསུམ་པའི་ཐོན་ལས་ཀྱི་གྲུབ་ཆ་ལུགས་མཐུན་མིན་པ་དང་། དཔལ་འབྱོར་གྱི་འཕར་གཞི་གསར་པ་དང་འཕར་སྣོན་གྱི་སྒུལ་ཤུགས་མི་འདང་བ། མ་འཇོག་མཐོ་གནས་རྒྱུན་མཐུད་དང་འཕེལ་རྒྱས་འགྲོ་ཤུགས་ཆུང་བ། ཉོ་ཚོང་ཕྱིར་གཏོང་གི་དུས་བབས་ཛ་དྲག་ཡིན་པ་སོགས་ཀྱི་གནད་དོན་ལ་མཐོང་ཆེན་བྱ་དགོས་ཤིང་། ལས་ཀའི་ཁྲོད་དུ་ཐག་གཅོད་ནན་ཏན་བྱ་དགོས།
    གྲོས་ཚོགས་ནས་ནན་བཤད་བྱས་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དཔྱད་བསྡུར་བྱ་ནས་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཇི་མ་ཇི་བཞིན་དུ་དམངས་འཚོའི་ལས་དོན་ཚང་མ་ལེགས་པར་སྒྲུབ་པ་དང་། ལོ་འགོར་གཏན་འཁེལ་བྱས་པའི་དམངས་འཚོའི་ཁས་ལེན་ཁ་ཐོག་ལག་བཞག་ངང་ངེས་པ་དོན་གྱིས་མངོན་འགྱུར་ཐུབ་པ་བྱ་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཁྱོན་ཡོངས་ནས་གནད་སྨིན་དབུལ་སྐྱོར་བཀོད་སྒྲིག་དོན་འཁྱོལ་བྱས་ཤིང་། དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་འཐབ་རྩོད་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ལས་ཞུགས་ཏེ་དམངས་འཚོའི་གཞི་རྩ་དེ་ངེས་པ་དོན་གྱིས་དམ་འཛིན་་བྱེད་པ་དང་། མཐོ་སློབ་དང་9+3ཡི་སློབ་ཐོན་སློབ་མ་དང་། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི། དམག་ནང་ནས་ཕྱིར་ལོག་པ་དང་འཁོར་སློག་དམག་མི། དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་ཀྱི་ལས་ཞུགས་ལས་དོན་ལེགས་པར་སྒྲུབ་རྒྱུ་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་རྒྱག་དགོས། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་མགྱོགས་པོར་སྒྲུབ་པར་སྐུལ་འདེད་བཏང་ཞིང་། དབུལ་སྐྱོར་འགག་སྒྲོལ་དང་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ནས། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱི་དམངས་འཚོའི་གནད་དོན་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་ཡག་པོ་བྱས་ཏེ། གནོད་ཐེབས་ཁུལ་རྒྱལ་ཡོངས་སམ་ཞིང་ཆེན་ཡོངས་དང་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་ཁག་ཐེག་བྱ་དགོས། ཞིབ་ཚགས་སྒོས་སང་ལོ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་གི་དམངས་འཚོའི་ལས་དོན་ཇུས་འགོད་བྱས་པ་དང་། དཔྱད་བསྡུར་ཚད་འཇལ་བྱས་ནས་བཏོན་པའི་དམངས་ཕན་སྲིད་ཇུས་ཁག་ཁྱོན་ཡོངས་ནས་གཙང་བཅོས་བྱས་ནས། གང་ཐུབ་ཅི་ཐུབ་དང་ནུས་ཚོད་ཐེག་ཚོད་ཀྱིས་དམངས་འཚོའི་ལས་དོན་ཁག་རྒྱུན་མཐུད་ཡོང་ཐུབ་པར་འགན་ལེན་བྱ་དགོས། དམངས་འཚོའི་མ་དངུལ་གྱི་རྣམ་གྲངས་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་ཏེ་རྩིས་བཤེར་ལྟ་སྐུལ་དང་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལམ་སྲོལ་འཐུས་ཚང་དུ་གཏང་བ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་སྟེ་བྱ་སྤྱོད་དེ་རིགས་མཐོང་མ་ཐག་ཏུ་ཆད་པ་གཅོད་པ་དང་མཐིལ་བརྟོལ་ནས་འཇིགས་སྣང་སྐྱེད་པ་ཞིག་ཆགས་པར་འཇུག་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1