ཀྲུང་གུང་ཀྲུང་དབྱང་གིས་«ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི།»དང་«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག»པར་འགྲེམ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-26


  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་«ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི»དང་«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག»པར་འགྲེམ་བྱས་པར་མ་ཟད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ལག་བསྟར་ནན་མོ་བྱ་དགོས་པའི་རེ་བ་བཏོན།

  «ཚད་གཞིའི»ནང་ཏང་ཡོན་སྤྱོད་གཙང་རང་གཅུན་ཚད་གཞི་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་གཅུན་ཚད་གཞི་འདུས་ཡོད་ལ། བསྡོམས་པས་དོན་ཚན་བརྒྱད་ཡོད།

«ཚད་གཞི»དེ་2016ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ལ། དེ་དང་མཉམ་དུ«ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་འཛིན་སྐོར་གྱི་ཚད་གཞི་རབ་དང་རིམ་པ།»ལག་བསྟར་བྱེད་མཚམས་འཇོག་རྒྱུ་རེད། 

 «སྲོལ་ཡིག»ནང་བསྡོམས་པས་ལེའུ་བཅུ་གཅིག་དང་དོན་ཚན་བརྒྱ་དང་སོ་གསུམ་ཡོད། «སྲོལ་ཡིག»དེས་ཏང་གི་སྒྲིག་ཁྲིམས་ཀྱི་རེ་བ་ལྟར། སྐྱོན་ཆ་དང་མི་འདང་སའི་གསལ་ཁྲ་བཀོད་དེ། བསྐྱར་དུ་སྒྲིག་ཁྲིམས་བཙུགས་པ་ནི་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ཞིབ་ཕྲ་ཅན་དུ་བཏང་བ་དང་། ཏང་རྩ་འཛུགས་དང་ཏང་ཡོན་བརྒལ་མི་ཆོག་པའི་ཚད་མཐའ་གཏན་ལ་ཕབ་པས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་དོན་སྙིང་གལ་ཆེན་ལྡན།

     «སྲོལ་ཡིག»དེ་2016ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1