རྔ་བ་ཁུལ་འབར་ཁམས་རྫོང་གི་སྐབས་ལྔ་པའི་རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་ཚུགས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བ་གསར་འགྱུར་དྲ་བ། སྤེལ་དུས། 10-26


 

བྱེད་སྒོའི་ཡུལ་དངོས།

  སྤྱི་ཟླ་10པའི་ཚེས་24ཉིན། རྔ་བ་ཁུལ་འབར་ཁམས་རྫོང་གི་སྐབས་ལྔ་པའི་རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་ཚུགས། བྱེད་སྒོ་འདིའི་དམིགས་ཡུལ་གཙོ་བོ་ནི་དམངས་ཡོངས་ཟབ་ཞུགས་དང་དམངས་ཁྲོད་རིག་གནས་རྒྱུན་འཛིན། འབར་ཁམས་རྒྱལ་རོང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་བ། རིག་གནས་ཐོན་རྫས་ཀྱི་འགྲན་ཤུགས་མཐོར་འདེགས་སུ་གཏང་བ། རང་བྱུང་ཡུལ་སྐོར་རིག་གནས་ཚོང་རྟགས་བཞེངས་སྐྲུན་བྱ་བའི་ཆེད་དུ་རེད།

  དུས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་རྗེས་རྒྱལ་རོང་སྐོར་བྲོ་འགྲན་བསྡུར་སྤེལ། འབར་ཁམས་རྫོང་རྒན་པའི་མཐུན་ཚོགས་དང་ཡུལ་ཤོག་11 གྲོང་རྡལ་5ཡི་རུ་ཁག་བཅུ་གཅིག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཡོད།  གདངས་སྙན་པའི་འགྱུར་ཁུགས་རེ་རེ་དང་ཟོར་ཡང་པའི་ལུས་ཀྱི་སྟངས་སྟབས་རེ་རེ་ལས་བག་ཆགས་དང་ཐུན་མོང་མ་ཡིན་པའི་རྒྱལ་རོང་རིག་གནས་ཀྱི་ཁྱད་ཆོས་དང་མི་དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བར་བསྙེག་པའི་སེམས་འདུན་མཚོན། 

བྱེད་སྒོའི་ཡུལ་དངོས།

  རྒྱུས་ལོན་བྱུང་བ་ལྟར་ན། འབར་ཁམས་རྫོང་གིས་ད་ལྟའི་བར་རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན་ཐེངས་བཞི་སྤེལ་ཞིང་། སྐབས་དང་པོའི་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་མི་སྟོང་གི་སྐོར་བྲོའི་ཡུལ་སྐོར་གྱིས་ཧྲང་ཧེ་ཡི་འཛམ་གླིང་ཆེན་མོའི་ཅི་ཉི་སི་ཟིན་ཐོར་བསྐྲུན་པ་རེད། དེ་ཕྱིར་ཞབས་བྲོ་ཆེད་རམས་པ་དང་མཁས་པ་དག་གིས་འབར་ཁམས་ལ་རྒྱལ་རོང་སྐོར་བྲོའི་ཕ་ས་ཞེས་པའི་མཚན་སྙན་གསོལ་ཡོད། འབར་ཁམས་རྫོང་གི་རྒྱལ་རོང་སྐོར་བྲོ་ལ་ཀྲུང་གོའི་ཞབས་བྲོའི་འགྱུར་རྡོ་གསོན་པོར་ངོས་འཛིན་བྱས།

  རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རྒྱལ་རོང་སྐོར་བྲོའི་རིག་གནས་ཡུལ་སྐོར་དུས་ཆེན་དུས་ཡུན་ཉིན་བཞིའི་རིང་སྟེ་སྤྱི་ཟླ་10པའི་ཚེས་23ཉིན་ནས་ཚེས་26ཉིན་བར་སྤེལ་རྒྱུ་རེད། སྐོར་བྲོའི་འགྲན་བསྡུར་ལས་གཞན་ད་དུང་རྒྱལ་རོང་རིག་གནས་དཔྱད་གླེང་ཚོགས་འདུ་དང་འབར་ཁམས་ཡུལ་སྐོར་སྣང་བརྙན་མི་སྣའི་དཔྱད་འདེམས། རྒྱན་གོས་དང་འགྲེམ་སྟོན་སོགས་ཀྱི་བྱེད་སྒོའང་སྤེལ་སྟེ་ཕྱོགས་ཡོངས་ནས་འབར་ཁམས་རྫོང་གི་རྒྱལ་རོང་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་གོམས་གཤིས་འགྲེམ་སྟོན་བྱ་རྒྱུ་རེད། །

བྱེད་སྒོའི་ཡུལ་དངོས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1