ཧུང་ཡོན་རྫོང་གི་སྤྱིལ་ཁྱིམ་ཁུལ་དུ་ཁང་པ་265ཡི་སྒྱུར་བཀོད་ལས་འགོ་ཚུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 10-28


     མིག་སྔར། ད་ལོའི་རྔ་བ་ཁུལ་ཡིས་འགན་སྤྲོད་བྱེད་པའི་ཧུང་ཡོན་རྫོང་གི་སྤྱིལ་ཁྱིམ་ཁུལ་དུ་ཁང་པ་265ཡི་སྒྱུར་བཀོད་ལས་འགན་གྱི་ལས་འགོ་ཚུགས། ཧུང་ཡོན་རྫོང་གི་ཁྱུང་མཆུ་གྲོང་རྡལ་རུའེ་ཆིན་བྱང་ལམ་དུ། སྤྱིལ་ཁྱིམ་ཁུལ་དུ་སྒྱུར་བཀོད་རྣམ་གྲངས་ཀྱི་ཐོག་བརྩེགས་ཁང་ཆེན་སྐྲུན་ཟིན་ལ། ལས་གཞིའི་གྲུབ་ཆ་གཙོ་བོའི་ཨར་ལས་འཛུགས་སྐྲུན་གྲྭ་ཛ་དྲག་ངང་སྒྲུབ་བཞིན་ཡོད།
    2014ལོར་སྤྱིལ་ཁྱིམ་སྒྱུར་བཀོད་བྱས་པ་ནས་བཟུང་། ཁྱུང་མཆུ་རྫོང་གིས་དུས་རབས་གོང་མའི་ལོ་རབས་60པར་བསྐྲུན་པའི་ཁྱུང་མཆུ་གྲོང་རྡལ་རུའེ་ཆིང་སྡེ་ཁུལ་གྱི་ཁང་པའི་སྤུས་ཚད་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་མེད་པ། འགྲིམ་འགྲུལ་ཤར་གཏོང་མི་ཐུབ་པ། མེ་གསོད་ཀྱི་མངོན་མེད་རྐྱེན་ངན་ཆེ་བ། ཁོར་ཡུག་བཙོག་ཟིང་ཞན་གསུམ་དང་། འཚོ་སྡོད་བྱེད་པར་མི་འཚམ་པའི་གཅིག་བསྡུས་ཡུག་སྦྲེལ་གྱི་ཁང་པ་དང་། སྟབས་བདེ་ཉེན་ཡོད་ཐོག་ཁང་ཁུལ་གཙོ་གནད་དུ་བཟུང་ནས། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ནང་ཞུགས་ཀྱི་བྱེད་སྟངས་སྤྱད་དེ་བསྒྱུར་བཀོད་བཏང་། བསྡུ་ལེན་སྐྱིན་གསབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཕྱིར་གནས་སྤོས་བྱ་རྒྱུའི་ཁང་པའི་བཀོད་སྒྲིག་གི་བཟོ་དབྱིབས་དང་། རྒྱ་ཁྱོན་གྱི་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྡོད་ས་ཡོད་པ་དང་སྡོད་ས་བཟང་བ། གནས་སྡོད་ཐུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1