རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་སི་ཁྲོན་ཁྲིམས་ཁང་དུ་ལྟ་སྐོར་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


     ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གདན་ཞུ་དང་རྩ་འཛུགས་འོག རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་གཟའ་འཁོར་འདིར་རང་རེའི་ཞིང་ཆེན་གྱི་ཁྲིམས་ཁང་གི་ལས་ཀ་ཁག་ལ་ལྟ་སྐོར་བྱ་རྒྱུ་རེད། སྤྱི་ཟླ་10པའི་ཚེས་26ཉིན་གྱི་སྔ་དྲོར། འཐུས་མི་དང་ཨུ་ཡོན་རྣམས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དུ་འཛོམས་ནས། སྔོན་རྗེས་སུ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་ལི་ཧྲོ་ཕིང་དང་། ཞིང་ཆེན་ཁྲིམས་ཁང་གི་འགོ་གཙོ་ཝང་ཧའེ་ཕིན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་སི་ཁྲོན་ཁྲིམས་ཁང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པར་གསན་པ་མ་ཟད། དུས་ཡུན་གཟའ་འཁོར་གཅིག་གི་རིང་གི་བརྟག་ཞིབ་ལས་ཀ་སྤེལ་འགོ་ཚུགས། རྗེས་ཕྱོགས་ཀྱི་གཟའ་འཁོར་གཅིག་གི་དུས་ཚོད་ནང་དུ། འཐུས་མི་དང་ཨུ་ཡོན་རྣམས་ཁྲེན་ཏུའུ་དང་མེ་ཧྲན། ལའོ་ཧྲན་སོགས་ས་གནས་ཀྱི་ཁྲིམས་ཁང་ལ་ལྟ་སྐོར་བྱ་སྟེ། རང་རེའི་ཞིང་ཆེན་གྱི་ཁྲིམས་ཁང་གིས་ཁྲིམས་འཛིན་ཡོངས་བསྒྲགས་དང་། ཁྲིམས་འཛིན་དམངས་བདེ། ཁྲིམས་འཛིན་སྒྱུར་བཅོས་སོགས་ཐད་ཀྱི་ལས་ཀར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་གཏིང་ཟབ་པོའི་ངང་ནས་རྒྱུས་ལོན་བྱ་བ་དང་། ཁྲིམས་ཁང་གི་ལས་ཀ་ཁག་ལ་ཤུགས་སྣོན་པ་དང་ལེགས་བཅོས་གཏང་བའི་ཐད་ལ་བསམ་འཆར་དང་གྲོས་འགོ་བཏོན་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1