ཤམ་བྷ་ལ་འཛམ་གླིང་པར་ལེན་གླེང་སྟེགས་དེ་2016ལོར་ཀན་ལྷོ་ནས་གཟབ་རྒྱས་ངང་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


         2015ལོའི་ཟླ་10པའི་ཚེས་25ཉིན། ཏེའོ་ཡུས་ཐའེ་མགྲོན་ཁང་ནས་སྤེལ་བའི་སྐབས་བཅུ་དྲུག་པའི་ཀྲུང་གོ་ཀན་ལྷོའི་གསར་བརྗེའི་ཡུལ་སྐོར་གྱི་བརྙན་འཕྲིན་པར་གཞི་འགྲན་ཚོགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་རུ། རྒྱལ་ཁབ་ཀྱི་པར་ལེན་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་པར་ལེན་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་འཐབ་ཇུས་མཉམ་ལས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་རྒྱ་ཆེར་སྤེལ་བ་ལས། ཀན་ལྷོ་ཁུལ་གྱིས་གཟུགས་བརྙན་ནུས་ཤུགས་ལ་བརྟེན་ནས་ཕྱི་ཕྱོགས་སུ་འབྲེལ་བ་རྒྱ་བསྐྱེད་དེ་ཤམ་བྷ་ལའི་ལྗང་མདོག་གི་ཡུལ་སྐོར་དཔལ་འབྱོར་འཛམ་གླིང་དུ་སྤེལ་བ་མཚོན།

         ཕྱོགས་གཉིས་ཀའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆོད་ཀྱི་གཞི་སྒྲོམ་ལྟར། རྒྱལ་ཁབ་ཀྱི་པར་ལེན་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་2016ལོའི་ཟླ་7པར་ཀན་ལྷོ་བོད་ཁུལ་དུ་ཤམ་ལྷ་ལ་འཛམ་གླིང་པར་ལེན་གྱི་མཛད་སྒོ་ཆེན་མོ་དང་ཤམ་བྷ་ལ་འཛམ་གླིང་པར་ལེན་གླེང་སྟེགས་སྤེལ་བའི་འཆར་གཞི་བཀོད་དེ། འཐུས་ཚང་སྒོས་ཨའོ་སི་ཁཱ་དང་ཏ་ཨའོ་སི་ཡི་ཉམས་མྱོང་དཔེ་རུ་དྲངས་ཏེ། རྒྱལ་སྤྱི་རང་བཞིན་གྱི་པར་ལེན་ཡུལ་སྐོར་བྱེད་སྒོ་ཆེན་པོ་བརྒྱུད་འཛམ་གླིང་གི་ལྟ་སྐུལ་དོ་སྣང་འགུགས་པ་དང་། ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་སྒྲིལ་བ། ཕྱི་ནས་ཡོང་བའི་མ་རྩ་ནང་འདྲེན་བྱེད་པ་བཅས་བརྒྱུད་དེ་ཀན་ལྷོ་ཁུལ་གྱི་ལྗང་མདོག་ཡུལ་སྐོར་དཔལ་འབྱོར་གྱི་མགྱོགས་མྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རེད།  སྣེ་ཁྲིད་དེའི་འོག རྒྱལ་ཁབ་ཀྱི་པར་ལེན་དང་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་དུ་འཛམ་གླིང་པར་ལེན་བཤམ་སྟོན་ཁང་དང་། འཛམ་གླིང་རྩྭ་ཐང་བཤམ་སྟོན་ཁང་། འཛམ་གླིང་ཆུ་རྒྱུན་བཤམ་སྟོན་ཁང་། འཛམ་གླིང་བོད་རིག་གནས་ཀྱི་བཤམ་སྟོན་ཁང་དང་ཤམ་བྷ་ལ་འཛམ་གླིང་ནང་བསྟན་རིག་གནས་ཐོན་ལས་ཁུལ། ཀྲུང་གོའི་ཆེས་ཆེའི་རི་སྐྱེས་སྲོག་ཆགས་གླིང་ག་འཛུགས་སྐྲུན་བྱ་ནས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུད་འཛིན་ལ་ཤུགས་སྣོན་བྱ་རྒྱུ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1