འགྲེམ་སྟོན་ཡུལ་དངོས།
སྐབས་བཞི་པའི་འཛམ་གླིང་ནང་བསྟན་བགྲོ་གླེང་ཚོགས་འདུའི་གདན་ཞུ་ལྟར་ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་ཟླ་10པའི་ཚེས་23ཉིན། ཅང་སུའུ་ཞིང་ཆེན་ཝོ་ཞི་ཕྱོགས་ལྔའི་དཀྱིལ་འཁོར་འགྲེམ་སྟོན་ཁང་ནས་དུས་ཡུན་ཉིན་20ཡས་མས་ནང་ཀྲུང་གོའི་སྤུས་དག་ཐང་ག་འགྲེམ་སྟོན་བྱས།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གྱིས་ཐང་གར་གཟིགས་ཞིབ་གནང་བཞིན་པ།
ཐེངས་འདིའི་འགྲེམ་སྟོན་སྟེང་ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ལས་རིགས་སོ་སོའི་ལྟད་མོ་བར་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་གསང་བ་འགྲེམ་སྟོན་བྱས། རྒྱུས་ལོན་བྱུང་བ་ལྟར་ན། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་དང་ཇོ་ནང་བའི་བླ་མ་འཇམ་དབྱངས་བློ་གྲོས། ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོ་བདེ་དབྱངས་སོགས་ཐེངས་འདིའི་ཐང་གའི་འགྲེམ་སྟོན་གྱི་བྱེད་སྒོ་སྟེང་ཞུགས། །
ཇོ་ནང་བའི་བླ་མ་འཇམ་དབྱངས་བློ་གྲོས་ཀྱིས་ཐང་གར་གཟིགས་ཞིབ་གནང་བཞིན་པ།