ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་སྐབས་དགུ་པའི་ན་གཞོན་བགྲོ་གླེང་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


  

  སྤྱི་ཟླ་10པའི་ཚེས་26ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་སྐབས་དགུ་པའི་ན་གཞོན་བགྲོ་གླེང་ཚོགས་འདུ་ཧྥ་རན་སིའི་ཕེ་རིས་ནས་འཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་སྟེ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་ནས་བགྲོ་གླེང་ཚོགས་འདུ་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

  ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་གྲོས་འཆམ་བྱུང་། གྲོས་རིམ་འདི་གཏན་འཁེལ་ལག་བསྟར་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་དྲང་བདེན་དང་དཀྱིལ་ཡངས། རྒྱུན་མཐུད་ཀྱི་སའི་གོ་ལ་ཞིག་བསྐྲུན་རྒྱུ་དེ་ཡིན་ལ།  འདི་ནི་འཛམ་གླིང་གི་ན་གཞོན་འདུས་པའི་མི་རེ་རེས་དོ་སྣང་དང་ཕྲག་ཏུ་ལེན་དགོས་པའི་འགན་འཁྲི་རེད། ན་གཞོན་ལ་བློ་སྤོབས་དང་ཕུགས་བསམ་ཡོད་པས་ཁོ་ཚོ་ནི་འབྱུང་འགྱུར་གྱི་སྣེ་ཁྲིད་པ་དང་འཛུགས་སྐྲུན་པ་ཡིན་ངེས། ཀྲུང་གོས་ན་གཞོན་ལ་དོ་སྣང་དང་བྱམས་སྐྱོང་། ཡིད་ཆེས་བྱེད་བཞིན་ཡོད་ལ། ཁོ་རང་ཚོའི་རང་ཉིད་འཕེལ་རྒྱུས་སུ་ཕྱིན་དུ་འཇུག་ནས་སྤྱི་ཚོགས་ལ་མཛད་རྗེས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཁྲོད་ལང་ཚོའི་གཟི་དཔལ་ངོམས་པར་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།

  ཞི་ཅིན་ཕིང་གིས་མ་འོངས་པའི་འཛམ་གླིང་ནི་ན་གཞོན་དག་ལ་དབང་ལ། འཛམ་གླིང་ན་གཞོན་དག་ལ་ཕུགས་བསམ་དང་འགན་འཁྲི་ཡོད་ཚེ་མིའི་རིགས་ལ་ད་གཟོད་རེ་བ་ཡོད་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ལས་དོན་ལ་སྟོབས་ཤུགས་འདོན་ངེས། རྒྱལ་ཁབ་སོ་སོའི་ན་གཞོན་དག་གིས་མྱོང་རོལ་དང་མཉམ་སྤྱོད། ཕན་ཚུན་སློབ་སྦྱོང་གི་མིག་ཟུང་སྤྱད་དེ་འཇིག་རྟེན་ལ་ངོས་འཛིན་བྱ་དགོས། ཤེས་རིག་མི་འདྲ་བའི་བར་བརྗེ་རེས་དང་འཆམ་མཐུན་སྐུལ་འདེད་དུ་གཏང་སྟེ་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་ལ་འབད་པ་བྱ་རྒྱུ་རེ་བ་ཡོད་ཅེས་བསྟན།

  ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་དོན་ནི་རྒྱུན་མཐུད་འཕེལ་རྒྱས་སྐུལ་འདེད་དུ་གཏང་སྟེ་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཞེས་པ་ཡིན། སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་195ཡི་ལོ་ན་18ནས་24བར་གྱི་ཕུལ་བྱུང་ན་གཞོན་སྟོང་ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1