སྤྱི་ཟླ་10པའི་ཚེས་26ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡུང་གིས་26ཉིན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བསྒྲགས་དོན། བྱང་ཁོ་རེ་ཡའི་སྲིད་འཛིན་ཕུའུ་ཅིན་ཧུའེ་ཡི་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་སྤྱི་ཟླ་10པའི་ཚེས་31ཉིན་ནས་ཟླ་11པའི་ཚེས་2ཉིན་བར་བྱང་ཁོ་རེ་ཡར་འཚམས་འདྲི་གནང་རྒྱུ་ཡིན་པར་མ་ཟད། བྱང་ཁོ་རེ་ཡའི་ཧྲག་ཨར་ནས་སྤེལ་པའི་ཐེངས་དྲུག་པའི་ཀྲུང་གོ་དང་འཇར་པན། བྱང་ཁོ་རེ་ཡའི་དབུ་ཁྲིད་གྲོས་ཚོགས་སུ་ཞུགས་རྒྱུ་རེད། །