ཡུས་ཀྲེན་ཧྲེང་གིས་ཧོ་ལན་གྱི་རྒྱལ་པོ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་ཚེས་26ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོ་ལན་གྱི་རྒྱལ་བོ་ཝེས་ལན་ཡ་ལེ་ཧྲན་དང་མཇལ་འཕྲད་གནང་།

  ཡུས་ཀྲེན་ཧྲེང་གིས་ཀྲུང་ཧོ་འབྲེལ་བར་གདེང་འཇོག་ཚད་མཐོན་པོ་གནང་པ་དང་ཧོ་ལན་རྒྱལ་རྒྱུད་ཀྱི་ཀྲུང་ཧོའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བའི་འཕེལ་རྒྱས་ལ་མཛད་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་བྱས། དེ་མིན་རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་ཁུར་དང་ནུས་པ་ངོ་སྤྲོད་བྱས། ཐེངས་འདི་ནི་རྒྱལ་པོ་སྐུ་ཉིད་ཐེངས་དང་པོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པ་ཡིན་ལ། ཀྲུང་ཧོ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ལོ་གཉིས་ཀྱི་དུས་ཚོད་ནང་ཕན་ཚུན་ལ་འཚམས་འདྲི་བྱས་པ་རེད། འདི་ལས་ཀྲུང་ཧོའི་འབྲེལ་བ་འཕེལ་རྒྱས་འགྲོ་བཞིན་པ་མཚོན། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་ཧོ་ལན་གྱི་གྲོས་ཚོགས་དེ་མིན་སྤྱི་ཚོགས་ལས་རིགས་སོ་སོས་ལོ་མང་པོ་བའི་རིང་ལ་འགྲོ་འོང་དང་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཡོད། ཧོ་ལན་དང་ལྷན་དུ་རྒྱལ་སྐྱོང་སྲིད་གཉེར་དང་སྤྱི་ཚོགས་དམངས་འཚོ། དམངས་གཙོ་ཁྲིམས་སྐྱོང་། ལས་སྒོ་གསར་འབྱེད། སྐྱེས་ཁམས་སྲུང་སྐྱོབ་སོགས་ཀྱི་ཐད་ནས་མུ་མཐུད་དུ་མཉམ་འབྲེལ་དང་རྗེས་རེས་བྱེད་འདོད་ཅེས་བསྟན།།

  ཝེས་ལན་ཡ་ལེ་ཧྲན་གྱིས་ང་ཀྲུང་གོར་ཡོང་ཐེངས་རེར་ཀྲུང་གོ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྣམ་པ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་མིག་རྒྱང་རིང་བའི་སྒྲིག་འགོད་མཐོང་ཐུབ། ཧོ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་བརྗེ་རེས་ལ་ཤུགས་སྣོན་བྱ་རྒྱུར་རེ་བ་ཡོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1