ལི་ཁེ་ཆང་གིས་ཧོ་ལན་གྱི་རྒྱལ་པོར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


  སྤྱི་ཟླ་10པའི་ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་26ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཧོ་ལན་གྱི་རྒྱལ་བོ་ཝེས་ལན་ཡ་ལེ་ཧྲན་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་ཧོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་བཟང་ལ། ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་གྲུབ་འབྲས་ཆེན་པོ་བླངས་པ་རེད། ཞི་ཅིན་ཕིང་གི་ན་ནིང་རྒྱལ་ཁའི་ངང་ཧོ་ལན་ལ་འཚམས་འདྲི་གནང་བ་རེད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དུ་ཧོ་ལན་དང་མཉམ་དུ་ཕན་ཚུན་བརྩི་བཀུར་དང་མཉམ་འབྲེལ་མཉམ་རྒྱལ་གྱི་དགོངས་པ་རྒྱུན་འཁྱོངས་བྱས་ཏེ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་ངེས་ཞེས་བསྟན།

  ལི་ཁེ་ཆང་གིས་ཀྲུང་ཧོ་ནི་བཟོ་ཚོང་མཛའ་འབྲེལ་གལ་ཆེན་ཞིག་ཡིན། ཧོ་ལན་གྱིས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཐད་ནས་རྒྱལ་ཁའི་གྲུབ་འབྲས་བླངས་ཡོད། ཀྲུང་གོའི་ཕྱོགས་ནས་ཧོ་ལན་དང་མཉམ་དུ་དེང་རབས་ཞིང་ལས་དང་ཆུ་བེད་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་སྐུལ་འདེད་གཏང་འདོད་ཅེས་བསྟན།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཡོ་རབ་མནའ་འབྲེལ་གྱི་འབྲེལ་བའི་འཕེལ་རྒྱས་དེ་ཕྱོགས་གཉིས་ཀར་ཕན་པར་མ་ཟད་འཛམ་གླིང་ལའང་ཕན་པ་ཆེན་པོ་ཡོད། ཧོ་ལན་ནི་ཡོ་རབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན། སང་ལོའི་ལོ་སྟོད་དུ་ཡོ་རབ་མནའ་འབྲེལ་གྱི་ཀྲུའུ་ཞིའི་འགན་ཁུར་རྗེས་ཧོ་ལན་ཕྱོགས་ནས་ཀྲུང་གོ་དང་ཡོ་རབ་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཕན་ནུས་གལ་ཆེན་འདོན་ངེས་ཞེས་བསྟན།

  ཝེས་ལན་ཡ་ལེ་ཧྲན་གྱིས་ཧོ་ཀྲུང་འབྲེལ་བ་འཕེལ་རྒྱས་སུ་སོང་བ་བཟང་ཞིང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འབྲེལ་འདྲེས་གཏིང་ཟབ་པོ་ཡོད། ང་ཐེངས་མང་པོར་ཀྲུང་གོར་འཚམས་འདྲིར་ཡོང་མྱངས་ཤིང་། ཀྲུང་གོའི་འཕེལ་རྒྱུས་དངོས་སུ་མཐོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་ཡིད་ཚིམ་ཡོད། ཧོ་ལན་ཕྱོགས་ནས་གོམ་གང་མདུན་སྤོས་སྒོས་ཞིང་ཕྱུགས་ལས་ལག་རྩལ་འདོན་སྤེལ་བྱས་ཏེ་ཕྱོགས་གཉིས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1