ཞི་ཅིན་ཕིང་གིས་གློག་འཕྲིན་གྱི་ལམ་ནས་སྲིད་འཛིན་ཧུག་སེད་དབྱིན་ལ་འཚམས་འདྲི་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29


  སྤྱི་ཟླ་10པའི་ཚེས་27ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨབ་གྷན་སི་ཐན་ལ་ཕ་ཀི་སི་ཐན་གྱི་ས་འགུལ་ཁྲོད་གནོད་སྐྱོན་ཐེབས་པར་གློག་འཕྲིན་གྱི་ལམ་ནས་ཧུག་སེད་དབྱིན་ལ་འཚམས་འདྲི་ཞུས། འཚམས་འདྲིའི་ནང་དོན་གཤམ་གསལ་ལྟར།

  ཨབ་གྷན་སི་ཐན་གྱི་ས་འགུལ་གྱི་ཁྱེད་ཚོའི་རྒྱལ་ཁབ་ཀྱི་དམངས་མིར་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོར་གུད་ཚབས་ཆེན་ཕོག་ཡོད། ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱེད་པ་དང་དེ་མིན་ང་སྒེར་ངོས་ནས་རྐྱེན་ལམ་དུ་ཤོར་བ་དག་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་ཡིན། རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་དང་རྨས་སྐྱོན་ཕོག་པ་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།

  ཀྲུང་གོ་དང་ཕ་ཀི་སི་ཐན་དཀའ་སྡུག་མཉམ་མྱོང་གི་ཕྱོགས་ཡོངས་འཐབ་ཇུས་མཛའ་འབྲེལ་ཡིན་ལ། ས་འགུལ་གྱིས་བསྐྱེད་པའི་ཕ་ཀི་སི་ཐན་མི་དམངས་ཀྱི་སྡུག་བསྔལ་ལ་ཀྲུང་གོའི་མི་དམངས་ཀྱི་སེམས་ཁུར་བྱེད་བཞིན་མཆིས། ཀྲུང་གོའི་ཕྱོགས་ནས་ཕ་ཀི་སི་ཐན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད། སྲིད་འཛིན་ཧུག་སེད་དབྱིན་དང་ཁྱེད་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དབུ་ཁྲིད་འོག་ཕ་ཀི་སི་ཐན་དཀའ་སྡུག་ལས་རྣམ་པར་རྒྱལ་ཏེ་ཁྱིམ་གཞིས་གསར་བསྐྲུན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1