ཞི་ཅིན་ཕིང་གིས་གློག་འཕྲིན་གྱི་ལམ་ནས་སྲིད་འཛིན་ཅཱ་ནིའུ་ལ་འཚམས་འདྲི་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29


  སྤྱི་ཟླ་10པའི་ཚེས27ཉིན། ཀྲུང་ཞི་ཞི་ཅིན་ཕིང་ཨབ་གྷན་སི་ཐན་ལ་ས་འགུལ་དྲག་པོ་བྱུང་པར་སྲིད་འཛིན་ཅཱ་ནིའུ་ལ་གློག་འཕྲིན་གྱི་ལམ་ནས་འཚམས་འདྲི་ཞུས། གློག་འཕྲིན་གྱི་ནང་དོན་ནི་གཤམ་གསལ་ལྟར།

  ས་འགུལ་ཁྲོད་མི་དམངས་ལ་རྨས་སྐྱོན་ཕོག་ཅིང་རྒྱུ་ནོར་ལ་གྱོད་གུད་ཐེབས་པར་ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་ཅིང་དེ་མིན་ང་སྒེར་ངོས་ནས་རྐྱེན་ལམ་དུ་ཤོར་བ་དག་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་དང་རྨས་སྐྱོན་ཕོག་པ་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།

  ཀྲུང་གོ་དང་ཨབ་གྷན་སི་ཐན་ནི་སྲོལ་རྒྱུན་ལྡན་པའི་ཁྱིམ་མཚེས་མཛའ་འབྲེལ་རྒྱལ་ཁབ་ཡིན་ལ། ས་འགུལ་གྱིས་བསྐྱེད་པའི་ཨབ་གྷན་སི་ཐན་མི་དམངས་ཀྱི་སྡུག་བསྔལ་ཀྲུང་གོ་མི་དམངས་ཀྱི་སེམས་ཁུར་བྱེད་བཞིན་མཆིས།  ཕྱོགས་གོའི་ཕྱོགས་ནས་ཨབ་གྷན་སི་ཐན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད། སྲིད་འཛིན་ཅཱ་ནིའུ་དང་ཁྱེད་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དབུ་ཁྲིད་འོག་ཨབ་གྷན་སི་ཐན་དཀའ་སྡུག་ལས་རྣམ་པར་རྒྱལ་ཏེ་ཁྱིམ་གཞིས་གསར་བསྐྲུན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1