བལ་པོའི་ཆེས་ཐོག་མའི་བུད་མེད་སྲིད་འཛིན་བདམས་ཐོན་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-01


  སྤྱི་ཟླ10པའི་ཚེས་28ཉིན། བལ་པོའི་ཏང་ཁག་ཆེན་མོ་གཉིས་པ། བལ་པོའི་གུང་ཁྲན་ཏང་གི་ཀྲའུ་ཞི་གཞོན་པ་པེས་ཡཱ་པཎ་ཏཱ་ལི་བལ་པོའི་གྲོས་ཚོགས་ཀྱི་འདེམས་བསྐོའི་ཚོགས་འདུའི་སྟེང་སྲིད་འཛིན་དུ་བདམས། པེས་ཡཱ་པཎ་ཏཱ་ལི་ཆེས་ཐོག་མའི་བལ་པོའི་བུད་མེད་སྲིད་འཛིན་དུ་གྱུར། 

  པེས་ཡཱ་པཎ་ཏཱ་ལི་ནི་སྤྱི་ལོ་1961ལོའི་ཟླ་6པའི་ཚེས་19ཉིན་བལ་པོའི་ཤར་ཕྱོགས་ཀྱི་པོའོ་ཙེ་ཕེར་རྫོང་དུ་འཁྲུངས་ཤིང་གཞོན་པའི་དུས་སུ་རྒྱལ་པོའི་སྒེར་གཅོད་ལ་ངོ་རྒོལ་བྱེད་པའི་སློབ་མའི་ལས་འགུལ་ལ་ཞུགས་ཤིང་། རྗེས་ནས་བལ་པོའི་གུང་ཁྲན་ཏང་དུ་ཞུགས། དེ་མིན་པེས་ཡཱ་པཎ་ཏཱ་ལི་ཡིས་སྔོན་ཆད་སྲིད་གཞུང་གི་ཁོར་ཡུག་དང་མི་གྲངས་པུའུ་ཡི་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་སོགས་ཀྱི་འགན་བཞེས་མྱངས། ད་ལྟ་བལ་པོའི་གུང་ཁྲན་ཏང་གི་ཀྲུའུ་ཞི་གཞོན་པ་དང་བལ་པོའི་བུད་མེད་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཡི་འགན་བཞེས་ཡོད། ཁོ་མོས་2010ལོར་རྒྱལ་སྲུང་པུའུ་ཀྲང་གི་འགན་བཞེས་དུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཕེབས་མྱངས་པར་མ་ཟད་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་གདེང་འཇོག་ཆེན་པོ་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1