ལི་ཁེ་ཆང་གིས་སྐབས་བཅུ་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུང་ཞི་ལིས་ཁི་ཐོ་ཧྥུའུ་ཐི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-31



 

  སྤྱི་ཟླ་10པའི་ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ནས་སྐབས་བཅུ་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུང་ཞི་ལིས་ཁི་ཐོ་ཧྥུའུ་ཐི་ལ་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་དཀྱོགས་མཚམས་ཤིག་ལ་འཁེལ་ཡོད་ལ། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱ་པར་མ་ཟད། རྒྱལ་ཁབ་སོ་སོ་དང་ལྷན་དུ་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་སྒྲིག་ལུགས་དར་སྤེལ་དང་། མིའི་རིགས་ཀྱི་ཞི་བའི་འཕེལ་རྒྱས་ལས་དོན་བཅས་ལ་མཉམ་དུ་སྐུལ་འདེད་གཏང་ནས། འཛམ་གླིང་གི་བདེ་འཇགས་དང་བརྟན་འཇགས་ལ་འགན་སྲུང་བྱ་འདོད་ཞེས་བསྟན།

  ལི་ཁེ་ཆང་གིས་འཕེལ་རྒྱས་ནི་དབུལ་ཕོངས་དང་འགལ་རྐྱེན་སེལ་པའི་གཞི་རྩ་དང་མི་དམངས་ཀྱི་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་པའི་སྔོན་འགྲོ་དང་རྨང་གཞི་རེད། ཀྲུང་གོ་ནི་འཛམ་གླིང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་འཕེལ་རྒྱས་ནི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་རྨང་གཞི་དང་གནད་འགག་ཡིན་པ་རེད། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་སོ་སོ་དང་མཉམ་དུ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་བྱ་ངེས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། ཁོར་ཡུག་སྙོམས་སྒྲིག་གི་རྒྱུན་མཐུན་འཕེལ་རྒྱས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་འབྲེལ་ལ་སྐུལ་འདེད། འཕེལ་རྒྱས་སུ་འགྲོ་བའི་རྒྱལ་ཁབ་དང་འཕེལ་རྒྱས་རྒྱལ་ཁབ་བར་གྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་སྤྱིའི་མཉམ་འབྲེལ་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་འབྲས་བུ་ལོན་པར་འབད་པ་བྱེད་པ་དང་གསར་གཏོད་དང་སྒོ་འབྱེད། དྲང་བདེན། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ལ་བསྙེག་འདོད། ཀྲུང་གོའི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་ཐུན་མོང་དང་ཁྱད་པར་ཡོད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་པཱ་ལིས་གནས་གཤིས་འགྱུར་ལྡོག་གི་གྲོས་ཚོགས་སྟེང་ངོས་འཛིན་བྱུང་བའི་ཁྱོན་ཡོངས་དང་དོ་སྙོམས། ནུས་ཤུགས་ལྡན་པའི་གྲོས་གཞི་གསར་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།

  ལིས་ཁི་ཐོ་ཧྥུའུ་ཐི་ཡིས་ཀྲུང་གོས་འཛམ་གླིང་ཞི་བདེ་ལ་འགན་སྲུང་དང་རྒྱལ་སྤྱིའི་སྤྱི་ཚོགས་འཕེལ་རྒྱས། རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་གཞི་ལག་བསྟར་བྱས་པར་ཚད་མཐོ་བའི་གདེང་འཇོག་གནང་། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་གནད་དོན་ཐད་ལ་མུ་མཐུད་དུ་ནུས་ཤུགས་འདོན་པར་རེ་བ་ཡོད་པའི་བསམ་ཚུལ་བསྟན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་མུ་འབྲེལ་མཐོ་རིམ་གྲོས་ཚོགས་སྟེང་གི་ཐུན་མོང་གི་ངོས་འཛིན་ལག་བསྟར་དང་རྒྱལ་སྤྱིའི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1