ལི་ཁེ་ཆང་དང་ཧྥིན་ལན་ཀྱི་ཙུང་ལི་ཞི་ཕེ་ལེ་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ཧྥིན་ལན་གྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་65ལོན་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-31


  སྤྱི་ཟླ་10པའི་ཚེས་29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་28ཉིན་ཧྥིན་ལན་གྱི་ཙུང་ལི་ཞི་ཕེ་ལེ་དང་ལྷན་དུ་གློག་འཕྲིན་གྱི་ལམ་ནས་ཕན་ཚུན་ལ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་65ལོན་པར་རྟེན་འབྲེལ་ཞུས།

  ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཧྥིན་ལན་ནི་ཆེས་ཐོག་མར་ཀྲུང་གོ་དང་འབྲེལ་བ་བཙུགས་པའི་ནུབ་གླིང་གི་རྒྱལ་ཁབ་ཅིག་རེད། ལོ་མང་པོའི་རིང་། ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་རྣམ་པ་ཀུན་དུ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་འདུག དེང་སྐབས། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འབྲེལ་འདྲེས་གཏིང་ཟབ་ལ་ཆབ་སྲིད་ཀྱི་ཡིད་ཆེས་གོམ་གང་མདུན་སྤོས་སྒོས་ཤུགས་དྲགས་སུ་འགྲོ་བཞིན་པར་མ་ཟད། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་འབྲེལ་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་རེད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་ནས་ལོ་འཁོར་65ལོན་པའི་སྐབས་གླགས་འདི་འགོ་ཚུགས་ས་གསར་བ་ཞིག་རུ་ངོས་འཛིན་བྱས་ཏེ་ཧྥིན་ལན་དང་ལྷན་དུ་ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ལག་བསྟར་དང་བཟོ་ཚོང་མཉམ་འབྲེལ་གྱི་ནུས་ཤུགས་སྔོག་འདོན། མི་ཆོས་རིག་གནས་ཀྱི་བརྗེ་རེས་ཕུན་ཚོགས་ཇེ་ཚོགས། ཀྲུང་གོ་དང་ཧྥིན་ལན་གྱི་འབྱུང་འགྱུར་གྱི་རྣམ་པ་གསར་བའི་མཛའ་འབྲེལ་འཛུགས་སྐྲུན་བྱ་འདོད་ཞེས་བསྟན།

  ཙུང་ལི་ཞི་ཕེ་ལེ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཧྥིན་ལན་དང་ཀྲུང་གོས་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱི་མཉམ་འབྲེལ་ཁྱབ་ཁོངས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་འགྲོ་བཞིན་འདུག ཧྥིན་ལན་ནི་ཆེས་ཐོག་མར་ཀྲུང་གོ་དང་ཕྱོགས་གཉིས་ཀྱི་བཟོ་ཚོང་གྲོས་གཞིར་གྲོས་མཐུན་བྱུང་བའི་ཆེས་ཐོག་མའི་ནུབ་གླིང་གི་རྒྱལ་ཁབ་ཡིན། བཟོ་ཚོང་མཉམ་འབྲེལ་དེས་ཕྱོགས་གཉིས་ཀྱི་འབྲེལ་པའི་འཕེལ་རྒྱས་ལ་ཕན་ནུས་གལ་ཆེན་བཏོན་པ་རེད། ཧྥིན་ལན་དང་ཀྲུང་གོ་གཉིས་ལ་ཐུན་མོང་གི་ཁེ་ཕན་མང་པོ་ཡོད་པས་ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འབྲེལ་འདྲེས་བཟང་པོའི་རྒྱུན་སྐྱོང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏང་དགོས་ཞེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1