ལི་ཁེ་ཆང་དང་འཇར་མན་གྱི་ཙུང་ལི་མོའོ་ཁེར་རྣམ་གཉིས་ཀྱིས་གསར་འགོད་པ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-31


 

  སྤྱི་ཟླ་10པའི་ཚེས་29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གི་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ལི་མོའོ་ཁེར་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡི་གྲོལ་མོལ་གྱི་གྲུབ་འབྲས་ངོ་སྤྲོད་བྱས། ཁོང་གིས་ང་དང་ཙུང་ལི་མོའོ་ཁེར་གཉིས་ཀྱིས་མཛའ་བརྩེ་གཏིང་ཟབ་དང་བདེན་དངོས་ཕན་ཕྱོད་ལྡན་པའི་གྲོས་མོལ་མཛད། ཀྲུང་གོ་དང་འཇར་མན་གྱི་མཉམ་འབྲེལ་གྱི་ཕྱོགས་ཡོངས་རིམ་འཕར་དང་མཉམ་དུ་འཛམ་གླིང་རང་བཞིན་གྱི་གནད་དོན་གདོང་གཏོད་པ། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་གཏན་འཇག་ཐད་ཐུན་མོང་གི་ངོས་འཛིན་བྱུང་། ཀྲུང་གོ་དང་འཇར་མན་གྱི་མཉམ་འབྲེལ་དེ་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་འབྲེལ་གྱི་སྣེ་ཁྲིད་ཅིག་ཡིན་པའི་ཆ་ནས་མཐོ་ཚད་དང་ཟབ་ཚད་གང་ཅིའི་ཐད་ནས་ཚད་མཐོན་པོར་སླེབས་འདུག  ཕྱོགས་གཉིས་ཀྱིས་མཐོ་རིམ་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་འཐུས་ཚང་དང་འཕེལ་རྒྱས་སུ་གཏང་པར་འཐད་པ་བྱུང་བར་མ་ཟད། རིམ་པ་བཞི་བའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་ཞིབ་ཚོགས་འདུ་ཀྲུང་གོ་ནས་འཚོགས་པར་གྲོས་འཆམ་བྱུང་། ཀྲུང་གོའི་ཕྱོགས་ནས་ཙུང་ལི་མོའོ་ཁེར་སྐབས་དེར་ཀྲུང་གོར་ཕེབས་ནས་མཉམ་དུ་གྲོས་ཞིབ་ཚོགས་འདུར་གཙོ་སྐྱོང་གནང་བར་གདན་ཞུ་ཞུས་པ་ཡིན་ཞེས་བསྟན།

  མོའོ་ཁེར་གྱིས་འཇར་མན་ཕྱོགས་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོས་དཔལ་འབྱོར་གྱི་འཕེལ་རྒྱས་རྣམ་པ་བསྒྱུར་བཀོད་དང་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་གསར་བ་བསྐྲུན་ངེས། འཇར་མན་ཕྱོགས་ནས་ཀྲུང་གོའི་བཟོ་སྐྲུན་2025དང་འཇར་མན་གྱི་བཟོ་ལས་4.0སྒྲིག་མཐུད་བྱ་འདོད་ཡོད་པར་མ་ཟད། ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་ལ་མ་དངུལ་བཏང་སྟེ་ཕྱོགས་གཉིས་ཀྱི་དངུལ་གཏོང་ལ་སྐུལ་འདེད་གཏང་བར་དགའ་བསུ་ཞུ་ངེས། དེ་མིན་མུ་མཐུད་དུ་ཨེ་ཤ་ཡའི་དངུལ་འཇོག་དངུལ་ཁང་འཛུགས་སྐྲུན་ལ་ཟབ་ཞུགས་བྱེད་འདོད། འཇར་མན་ཕྱོགས་ནས་ཀྲུང་གོས་པཱ་ལིན་ཁ་དབུགས་འགྱུར་ལྡོག་གི་ཚོགས་འདུར་འཛུགས་སྐྲུན་རང་བཞིན་གྱི་ཕན་ནུས་བཏོན་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཅེས་བསྟན།

  རྒྱལ་ཁབ་གཉིས་ཀྱི་ཙུང་ལི་རྣམ་གཉིས་ཀྱིས་དཔལ་འབྱོར་རྣམ་པ། ཀྲུང་གོ་དང་འཇར་མན་ཀྱི་གསར་གཏོད་མཉམ་འབྲེལ། སི་རི་ཡའི་གནད་དོན་དང་ཡོ་རོབ་སྐྱབས་འཆོལ་མི་སེར་ཉམས་ཉེན་སོགས་ཀྱི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1