ཞི་ཅིན་ཕིང་དང་ཧྥིན་ལན་རྒྱལ་ཁབ་ཀྱི་སྲིད་འཛིན་ནིའུ་ནིའུ་སི་ཐུ་ཡིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ཧྥིན་ལན་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་65ལོན་པར་རྟེན་འབྲེལ་ཞུས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-31


  སྤྱི་ཟླ་10པའི་ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥིན་ལན་གྱི་སྲིད་འཛིན་ནིའུ་ནིའུ་སི་ཐུ་ཡིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ཧྥིན་ལན་གྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་65ལོན་པར་རྟེན་འབྲེལ་ཞུས།

  ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཧྥིན་ལན་ནི་ཀྲུང་གོ་དང་འབྲེལ་བ་བཙུགས་པའི་ནུབ་གླིང་གི་རྒྱལ་ཁབ་ཆེས་ཐོག་མ་ཡིན་ལ། འབྲེལ་བ་བཙུགས་ནས་ལོ་འཁོར་65འགོར་བའི་རིང་རྒྱལ་ཁབ་གཉིས་ནི་རྣམ་པ་ཀུན་དུ་ཕན་ཚུན་ལ་རྒྱབ་སྐྱོར་དང་ཡིད་ཆེས་ཡོད་པའི་གྲོགས་པོ་ཡིན་པར་མ་ཟད། འདྲ་མཉམ་སྒོས་ཁེ་ཕན་མཉམ་སྤྱོད་བྱེད་པའི་མཛའ་འབྲེལ་ཆགས་པ་རེད། དེང་སྐབས། ཀྲུང་གོ་དང་ཧྥན་ལན་གཉིས་ཀྱིས་མ་འོངས་པའི་རྣམ་པ་གསར་བའི་མཉམ་ལས་མཛའ་འབྲེལ་སྐུལ་འདེད་གཏོང་བར་འབད་པ་བྱེད་བཞིན་འདུག ཀྲུང་གོའི་ཕྱོགས་ནས་ཧྥིན་ལན་དང་མཉམ་དུ་གོ་སྐབས་དམ་འཛིན་དང་མཐུན་སྒྲིལ་དམ་ཟབ་སྒོས་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་གཏིང་ཟབ་ཅན་དུ་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མ་འོངས་འབྲེལ་བ་གསར་བསྐྲུན་བྱ་འདོད་ཞེས་བསྟན།།

  ནིའུ་ནོའུ་སི་ཐུ་སྲིད་འཛིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཧྥིན་ལན་དང་ཀྲུང་གོའི་འབྲེལ་བ་བཙུགས་པ་ནས་བཟུང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་བཏང་པ་རེད།  དེང་སྐབས། ཀྲུང་གོ་ནི་ཧྥིན་ལན་གྱི་ཨེ་ཤ་ཡའི་ཆེས་ཆེ་བའི་བཟོ་ཚོང་མཛའ་འབྲེལ་ཡིན། རྒྱལ་ཁབ་གཉིས་ཀྱི་མི་ཆོས་རིག་གནས་ཀྱི་འབྲེལ་འདྲེས་གཏིང་ཟབ་ཏུ་འགྱུར་བཞིན་པར་མ་ཟད། མཐོ་རིམ་མི་སྣས་འཚམས་འདྲིས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིང་པ་རེད། ཧྥིན་ལན་ཕྱོགས་ནས་ཧྥིན་ལན་དང་ཀྲུང་གོའི་མ་འོངས་པའི་རྣམ་པ་གསར་བའི་མཉམ་ལས་འབྲེལ་བས་རྒྱལ་ཁབ་གཉིས་ལ་གྲུབ་འབྲས་ཀྱིས་ཕྱུག་པའི་མཉམ་ལས་ཀྱི་གོ་སྐབས་གསར་པ་བསྐྲུན་པར་ཡོད་ཆེས་བརྟན་པོ་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1