ཞི་ཅིན་ཕིང་གིས་ཝེད་ནམ་དང་སིང་གྷ་ཕོར་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-31


  སྤྱི་ཟླ་10པའི་ཚེས་29ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལོའོ་ཁེང་གིས་བསྒྲགས་དོན། ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་ཝེད་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་ཞི་ཀྲང་ཅིན་ཁྲོང་གི་གདན་ཞུ་ལྟར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུང་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་11པའི་ཚེས་5ཉིན་ནས་ཚེས་6ཉིན་བར་ཝེད་ནམ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་རེད།

  སིང་གྷ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིན་ཆིན་ཡན་གྱིས་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུང་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་11པའི་ཚེས་6ཉིན་ནས་ཚེས་7བར་སིང་གྷ་ཕོར་ལ་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1