ཀྲང་ཏེ་ཅང་གིས་འཇར་མན་གྱི་ཙུང་ལི་མོའོ་ཁེར་དང་མཇད་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-31


  སྤྱི་ཟླ་10པའི་ཚེས་29ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ལི་མོའོ་ཁེར་དང་མཇལ་འཕྲད་གནང་།

  ཀྲང་ཏེ་ཅང་གིས་ཞི་ཅིན་ཕིང་གི་ན་ནིང་འཇར་མན་ལ་འཚམས་འདྲི་ཞུས་ཤིང་། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་མཛའ་འབྲེལ་གྱི་གོ་གནས་གཏན་འཁེལ་བྱས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་གཏིང་ཟབ་ཏུ་གྱུར། ལོ་གཅིག་གི་རིང་ལ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་བར་གྱི་བརྗེ་རེས་མཉམ་འབྲེལ་ལ་འཕེལ་རྒྱས་ཆེན་པོ་བྱུང་པར་མ་ཟད། དུས་ཆད་སྒྲིག་ལུགས་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ། ཆེད་གཉེར་ཨུ་ཡོན་ལྷན་ཁང་དང་གྲོས་ཚོགས་ཁོངས་མི་བར་གྱི་བརྗེ་རེས་སྤེལ་གྲངས་ཇེ་མང་དུ་གྱུར། རྒྱལ་ཁབ་གཉིས་ཀྱི་ཁྲིམས་བཙུགས་སྡེ་དག་གི་མུ་མཐུད་དུ་འབྲེལ་འདྲེས་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ཏེ་རིམ་པ་སོ་སོའི་འབྲེལ་འདྲེས་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་འཛུགས་ལྟ་སྐུལ་གཏིང་ཟབ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་མཉམ་མྱོང་བརྗེ་རེས་བྱེད་པ། རྒྱལ་ཁབ་ཕན་ཚུན་གྱི་གནས་ཚུལ་དང་སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་བགྲོད་ལམ་སོགས་ཀྱི་ངོས་འཛིན་གོང་འཕེལ་དུ་གཏང་སྟེ་མཐུན་སྒྲིལ་སྒོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཉམ་དུ་ཀྲུང་གོ་དང་འཇར་མན། དེ་མིན་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་གཏང་དགོས་ཞེས་བསྟན།། 

  ཙུང་ལི་མོའོ་ཁེར་གྱིས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་ལ་གདེང་འཇོག་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1