སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-02


  སྤྱི་ཟླ་10པའི་ཚེས་28ཉིན། ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་ང་དྲུག་པ་འཚོགས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གིས་མངགས་བཅོལ་ལྟར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲིན་ཀང་ཀྲིས་ཚོགས་འདུར་གཙོ་སྐྱོང་གནང་། 
    ཚོགས་འདུའི་ཐོག་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་གྱི་གྲོས་འཆར་གྱི་སྙན་ཞུ་ལ་གསན་ཞིང་། 2015ལོའི་སྤྱི་ཟླ་11པའི་ཚེས་30ཉིན་ལ་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་འཚོག་རྒྱུ་ཐག་གཅོད་བྱས།
    ཚོགས་འདུའི་ཐོག་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་《སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་སྐོང་འཚོག་བྱ་རྒྱུའི་སྐོར་གྱི་ཆོད་དོན།(འཆར་ཟིན)》དང་། 《སི་ཁྲོན་ཞིང་ཆེན་གྱི་འབུད་རླངས་དོ་དམ་སྲོལ་ཡིག (བཟོ་བཅོས་འཆར་ཟིན)》དང་། 《སི་ཁྲོན་ཞིང་ཆེན་གྱི་རྩ་ཁྲིམས་ཀྱི་དམ་བཅའི་ལམ་ལུགས་ལག་བསྟར་བྱ་ཐབས། (འཆར་ཟིན)》དང་། 《སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་<སི་ཁྲོན་ཞིང་ཆེན་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྲོལ་ཡིག〉གི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ།》སོགས་ལ་གྲོས་བསྡུར་གནང་བ་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་     2015ལོར་ས་གནས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་ཀྱི་གྲོས་གཞིར་གྲོས་ཞིབ་དང་ཆོག་མཆན་འགོད་རྒྱུར་ཕུལ་བའི་གནས་ཚུལ་སྙན་ཞུ་དང་། 《ཁྲེན་ཏུའུ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་<ཁྲེན་ཏུའུ་གྲོང་ཁྱེར་གྱི་མི་ཚོགས་འདུ་སའི་བདེ་འཇགས་དོ་དམ་གཏན་འབེབས།>བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན།》གྱི་གནས་ཚུལ་སྙན་སྒྲོན་སོགས་གནང་། ཚོགས་འདུའི་ཐོག་ཟླ་དང་པོ་ནས་ཟླ་བཅུ་པའི་བར་གྱི་སྔོན་རྩིས་ལག་བསྟར་གནས་ ཚུལ་སྐོར་གྱི་སྙན་ཞུའི་མིང་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་གནས་ཚུལ་སྙན་ཞུ་དང་། 《ཞིང་ཆེན་ཡོངས་ཀྱི་དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གནས་ཚུལ།》གྱི་གྲོས་ཞིབ་བསམ་འཆར་དང་ལས་དོན་རྗེས་འདེད་སྐུལ་སྒྲུབ་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་སོགས་ལ་གྲོས་བསྡུར་བྱས།
ད་དུང་《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིང་གིས་〈སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་《ཞིང་ཆེན་ཡོངས་ཀྱི་ནགས་ཤིང་ས་བོན་དོ་དམ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ།》ཡི་གྲོས་ཞིབ་བསམ་འཆར།〉ལས་སྒྲུབ་བྱས་པའི་གནས་ཚུལ་འབུལ་བའི་སྐོར་གྱི་ཡི་གེ》རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པར་པར་འགྲེམས་བྱ་རྒྱུའི་སྐོར་གྱི་སྙན་སེང་ལ་གྲོས་བསྡུར་བྱས།
    ཚོགས་འདུའི་ཐོག་ད་དུང་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཐེངས་བཅུ་དགུ་པར་གྲོས་ཞིབ་བྱ་བར་ཕུལ་བའི་སི་ཁྲོན་ཞིང་ཆེན་དམངས་ཆེན་གྱི་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་། ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པས་གྲོས་ཞིབ་བྱེད་རྒྱུར་སྤྲད་པའི། འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་ཀྱི་སྙན་སེང་ཞུ་དགོས་པའི་གནས་ཚུལ་གྱི་སྙན་ཞུ་དང་། དེ་བཞིན་《སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་དོན་བྱ་བའི་འཐུས་མའི་ཨུ་ཡོན་ལྷན་ཁང་གི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིས་བཏོན་པའི་གྲོས་འཆར། སྐྱོན་བརྗོད་དང་བསམ་འཆར་གཉེར་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ། (ཡིག་ཐོག)》དང་།  《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གི་འཐུས་མིས་བཏོན་པའི་གྲོས་འཆར། སྐྱོན་བརྗོད་དང་བསམ་འཆར་གཉེར་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ།》ཡི་གནས་ཚུལ་སྙན་ཞུ་སོགས་ལ་གྲོས་བསྡུར་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་གོ་གནས་བསྐོ་འཐེན་གྱི་གྲོས་གཞི་ལ་གྲོས་བསྡུར་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1