སི་ཁྲོན་གྱི་དམངས་འཚོའི་དོན་ཆེན་ཉི་ཤུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-02


   སྤྱི་ཟླ་10བའི་ཚེས་27ཉིན། ཞིང་ཆེན་སྲིད་གཞུང་ལྟ་སྐུལ་ཞིབ་བཤེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རེའི་ཞིང་ཆེན་གྱི་དམངས་འཚོའི་འདུ་འགོད་ཁག་བཅུ་དང་དམངས་འཚོའི་དོན་ཆེན་རྣམ་གྲངས་20ཡི་མང་ཆེ་བའི་ལོ་ཧྲིལ་པོའི་དམིགས་ཚད་ལེགས་གྲུབ་ཟིན་པ་དང་ལས་འགན་གྱི་སྒྲུབ་ཚད་ལོན་ཡོད།   
དམངས་འཚོའི་འདུ་འགོད་ཁག་བཅུ་དང་འབྲེལ་བ་ཡོད་པའི་ཡན་ལག་རྣམ་གྲངས་62ཀྱི་ནང་གི་རྣམ་གྲངས་ཆུང་གྲས་ཁག་125ཁྲོད། རྣམ་གྲངས་ཆུང་གྲས་57གྱི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་གྲུབ་ཟིན་པའམ་ཡང་ན་ཚད་བརྒལ་ངང་དང་ལེགས་གྲུབ་བྱུང་ཟིན། རྣམ་གྲངས་ཆུང་གྲས་60ཡི་དམིགས་ཚད་ལས་འགན་གྱི་སྒྲུབ་ཚད་ལོན་པའམ་ཡང་ན་ཚད་ལས་བརྒལ་ཡོད། དམངས་འཚོའི་དོན་ཆེན་20ཡི་ནང་། དོན་ཆེན་4ནི་གྲུབ་པའམ་ཡང་ན་ཚད་བརྒལ་ངང་དམིགས་ཚད་ལས་འགན་ལེགས་གྲུབ་ཟིན་ཡོད། 
   ཞིང་ཆེན་སྲིད་གཞུང་ལྟ་སྐུལ་ཞིབ་བཤེར་ཁང་གིས་བཤད་ན། དམིགས་ཚད་ལས་འགན་སྒྲུབ་ཚད་ལ་སླེབས་མེད་པའི་དམངས་འཚོའི་རྣམ་གྲངས་ཆུང་བ་དག་ནི་བཟའ་བཅའི་བདེ་འཇགས་དང་བདེ་འཇགས་སྡེ་ཁུལ་འཛུགས་སྐྲུན། རྨོ་ཞིང་སྤུས་ཚད་འཛུགས་སྐྲུན། འཐུང་ཆུའི་ཆུ་ཁུངས་ལེགས་བཅོས། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་འབྲེལ་བ་ཡོད། འཚོ་བའི་དོན་ཆེན་20ཡི་ནང་། དོན་ཆེན་2ཀྱི་དམིགས་ཚད་ལས་འགན་སྒྲུབ་ཚད་དུས་ལྟར་ལོན་མེད་ལ། དེ་དག་སོ་སོ་ནི་ཞིང་ཆེན་ཡོངས་ཀྱི་གློག་མེད་པའི་གྲོང་ཚོར་ཕྱོགས་ཡོངས་ནས་གློག་ཁྲིད་རྒྱུ་མངོན་འགྱུར་བྱ་བ་དང་ཞིང་ཆེན་ཡོངས་ཀྱི་རྫོང་ཚང་མར་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་ལྟེ་གནས་1རེ་འཛུགས་རྒྱུ་དེ་ཡིན།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1