སི་ཁྲོན་གྱི་ཆེས་ཐོག་མའི་ཁྱིམ་ཚང་ཞིང་རའི་འཕེལ་རྒྱས་བསམ་འཆར་དངོས་སུ་ཐོན་པ་དང་རོགས་སྐྱོར་བྱེད་ཐབས་དོན་ཚན་བརྒྱད་བཏོན་པ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-02


    2013ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུ་ཐོག་མར་ཁྱིམ་ཚང་ཞིང་ར་ཞེས་པ་བཏོན་པ་ནས་བཟུང་། ད་ལོའི་སྤྱི་ཟླ་9པའི་བར་དུ། རྣམ་པ་གསར་བའི་ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་འདི་རང་རེའི་ཞིང་ཆེན་གྱི་ས་གནས་ཁག་ཏུ་ཁྲི་17873ལ་འཕེལ་རྒྱས་སོང་ཡོད། གཉེར་སྐྱོང་རྒྱ་ཁྱོན་མུའུ་ཁྲི་161.5ལ་ཟིན་ཡོད། མིག་སྔར། ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཐིང་གིས་《ཁྱིམ་ཚང་ཞིང་ར་གསོ་སྐྱོང་དང་འཕེལ་རྒྱས་སྐོར་གྱི་བསམ་འཆར།》ཞེས་པ་དངོས་སུ་བཏོན་པ་དང་། དེ་ནི་རང་རེའི་ཞིང་ཆེན་གྱི་ཁྱིམ་ཚང་ཞིང་རའི་འཕེལ་རྒྱས་ལ་ཆེད་དུ་དམིགས་པའི་ཡིག་ཆ་དང་པོ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1