སྐབས་གཉིས་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་ན་གཞོན་ཆབ་སྲིད་པའི་གླེང་སྟེགས་ཚོགས་ལ་ཉེ་བ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་དོ་སྣང་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-02


       སྐབས་གཉིས་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་ན་གཞོན་ཆབ་སྲིད་པའི་གླེང་སྟེགས་དེ་སྤྱི་ཟླ་10པའི་ཚེས་28ནས་ཚེས་30ཉིན་ཀྲུང་གོ་རུ་འཚོགས། ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོ་དང་ཡོ་རོབ་གླིང་འཛུགས་ཕྱི་འབྲེལ་བཙུགས་ཏེ་ལོ་40འཁོར་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་མཛའ་ཟླའི་འབྲེལ་བ་ཆེན་པོ་བཞི་འཕེལ་རྒྱས་ཇེ་ཟབ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་16+1མཉམ་ལས་ཇེ་བཟང་དུ་འཕེལ་བའི་རྒྱབ་ལྗོངས་འོག་སྤེལ་བས། རྒྱལ་ཕྱི་ནང་གི་ཕྱོགས་སོ་སོས་དོ་སྣང་ཆེན་པོ་ཐོབ། མིག་སྔར། ཀྲུང་གུང་ཀྲུང་དབྱང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཀྲའོ་ལེ་ཡིས་བཅར་འདྲི་དང་ལེན་བྱས། 


       ཀྲའོ་ལེ་ཡིས་བཤད་དོན། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་གཞི་ནི་ལང་ཚོ་དང་ཕུགས་འདུན། འཕེལ་རྒྱས་དང་འབྱུང་འགྱུར་ཡིན་ཏེ། གཙོ་བོར་ཕྱོགས་གཉིས་ཀའི་ན་གཞོན་ཆབ་སྲིད་པའི་མཉམ་འགུལ་ལ་ཤུགས་གནོན་རྒྱག་པ་དང་། རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་དེ་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་འབྲེལ་མཐུད་བྱས་ནས། མཉམ་གཅིག་ཏུ་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་དོན་མཉམ་ལས་ལ་ཐབས་འདོན་ཇུས་འདོན་བྱེད་དགོས། གླེང་སྟེགས་ཚོགས་འདུའི་དུས་རིམ་ཁྲོད། ཚོགས་ཞུགས་འཐུས་ཚབ་པས་དར་སྐུད་གནའ་ལམ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཐབས་ཇུས་འདོན་པ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་དུས་སྐབས་གསར་པ་དང་འགྲན་རྩོད་གསར་པའི་གྲོས་གཞི་གཉིས་ལ་དམིགས་ནས་བགྲོ་གླེང་སྤེལ་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1