སྤྱི་ཟླ་10པའི་ཚེས་21ཉིན། སི་ཁྲོན་གསར་འགྱུར་དྲ་བའི་གསར་འགོད་པས་ཁྲེན་ཏུའུ་ཀའོ་ཞིན་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་དགུ་པའི་སི་ཁྲོན་འབྲེལ་དྲྭའི་ཚོགས་ཆེན་དེ་སྤྱི་ཟླ་10པའི་ཚེས་31ཉིན་ཁྲེན་ཏུའུ་ནས་བསྡུ་རྒྱུ་རེད། ཐེངས་འདིའི་ཚོགས་ཆེན་དུ་ལས་རིགས་ཆེ་ཤོས་ཀྱི་མིག་ནང་གི་འབྲེལ་དྲྭའི་ཁ་ཕྱོགས་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ། བརྗོད་དོན་གཏམ་བཤད་དང་། གྲལ་སྒོར་གླེང་སྟེགས་སོགས་ཀྱི་རྣམ་པ་བརྒྱུད་ནས་བསྡུ་རྒྱུ་རེད།