བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར་《གངས་ལྗོངས་ཀྱི་གཅེས་ནོར།- - བོད་ཀྱི་རིག་རྩ་ཆེའི་རིག་དངོས་འགྲེམ་སྟོན།》སྤེལ་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-02


    སྐབས་བཅུ་བདུན་པའི་ཀྲུང་གོ་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་བདག་གི་ཀྲུང་ཧྭར་གཅེས་འཛིན་དང་ཡིད་དབང་འཕྲོག་པའི་བོད་ལྗོངས་ཞེས་བོད་ཀྱི་རིག་གནས་གཟའ་འཁོར་གཉེར་འགོ་ཚུགས།《གངས་ལྗོངས་ཀྱི་གཅེས་ནོར།- - བོད་ཀྱི་རིག་རྩ་ཆེའི་རིག་དངོས་འགྲེམ་སྟོན》སྤེལ་འགོ་ཚུགས། ད་ཐེངས་ཀྱི་《གངས་ལྗོངས་ཀྱི་གཅེས་ནོར།- - བོད་ཀྱི་རིག་རྩ་ཆེའི་རིག་དངོས་འགྲེམ་སྟོན》དུ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ག་སོགས་རིག་དངོས་ལས་ཁུངས་ནས་རྩ་ཆེའི་རིག་དངོས་120ལྷག་ཅིག་བདམས་ནས་འགྲེམ་སྟོན་ནང་ཞུགས། དེའི་ནང་དུ་རིམ་པ་དང་པོའི་རིག་དངོས་ཁག་28ཡོད།
   《 ཡིད་དབང་འཕྲོག་པའི་བོད་ལྗོངས》ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ལོ་5ཡི་དུས་ཚོད་ནང་གཏོད་པ་དང་། དེའི་ནང་ཕྱོགས་བསྡུས་ངང་བོད་ལྗོངས་ས་ཁུལ་ཁག་གི་མི་འདྲ་བའི་ཉམས་འགྱུར་དང་ཁྱད་ཆོས་འགྲེམ་སྟོན་བྱས་ཡོད་ལ། བོད་ལྗོངས་མཐོ་སྒང་སྟེ་བོད་བྱང་ཐང་འབྲོག་ཁུལ་དང་། ཡར་ཀླུང་གཙང་པོ་ནས་ཉིང་ཁྲི་བར་གྱི་ནགས་ཁུལ་གྱི་ལེ་བར་བཅུ་ཡི་གོམས་སྲོལ་མི་གཅིག་པའི་ཉམས་འགྱུར་མངོན་པར་བྱས་ཡོད། དེ་ནི་ཚད་གཞི་མཐོ་ཤོས་སུ་གཏོགས་པའི་བོད་ལྗོངས་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་བྱས་པས། 《 ཡིད་དབང་འཕྲོག་པའི་བོད་ལྗོངས》ཀྱིས་ཐེངས་མང་པོར་རྒྱལ་ཁབ་རིམ་པའི་བྱ་དགའ་ཆེན་པོ་ཐོབ་མྱངས།
   སྐབས་བཅུ་བདུན་པའི་ཀྲུང་གོ་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་བདག་གི་ཀྲུང་ཧྭར་གཅེས་འཛིན་དང་ཡིད་དབང་འཕྲོག་པའི་བོད་ལྗོངས་ཞེས་བོད་ཀྱི་རིག་གནས་གཟའ་འཁོར་གཉེར་འགོ་ཚུགས་པ་དང་《གངས་ལྗོངས་ཀྱི་གཅེས་ནོར།- - བོད་ཀྱི་རིག་རྩ་ཆེའི་རིག་དངོས་འགྲེམ་སྟོན》གྱི་འགོ་ཚུགས་མཛད་སྒོ་ཚེས་སྤྱི་ཟླ་10པའི་26ཉིན་ཀྲུང་ཧྭ་སྒྱུ་རྩལ་ཕོ་བྲང་དུ་འཚོགས། ཀྲུང་གོའི་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཧྲང་ཧའེ་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཏུང་ཡུན་ཧུའུ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། སྲིད་གཞུང་གི་བློ་འདོན་པ་རྨེང་ཏེ་ལི་སོགས་ཚོགས་འདུར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1