འཛམ་གླིང་བོད་རིག་པའི་སློབ་གླིང་ཞེས་མིང་དུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲུབ་ཆ་གཙོ་བོའི་ཞིག་གསོ་ལེགས་གྲུབ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-02


    འཛམ་གླིང་བོད་རིག་པའི་སློབ་གླིང་ཞེས་མིང་དུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་ད་ལོ་ལྷ་ཁང་གསར་པ་6གི་རིག་དངོས་གཙོ་གཟུགས་སྲུང་སྐྱོབ་དང་ཉམས་གསོ་ལེགས་གྲུབ་བྱུང་། སྔོན་ལ་ཉམས་གསོ་ལེགས་གྲུབ་བྱུང་བའི་ལྷ་ཁང་བསྡོམས་ན་མིག་སྔར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་སྲུང་སྐྱོབ་ལས་གཞིའི་ནང་ལྷ་ཁང་7གྱི་རིག་དངོས་གཙོ་གཟུགས་སྲུང་སྐྱོབ་དང་ཉམས་གསོ་ལེགས་གྲུབ་ཟིན།
    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ལྷ་ཁང་7གྱི་རིག་དངོས་གཙོ་གཟུགས་ཉམས་གསོ་ལེགས་གྲུབ་ཟིན་པར་ཕུད། ཚོན་རིས་ལས་གཞི་དང་ལྡེབས་རིས་ཉམས་གསོ་སྲུང་སྐྱོབ་ལས་གཞི། བདེ་འཇགས་སྔོན་འགོག་དང་ལྟ་སྐུལ་ཚོད་འཛིན། མེ་འགོག་མེ་གསོད། ཐོག་སྐྱོན་སྔོན་འགོག་སོགས་ཀྱི་ལས་གཞི་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་བཞིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1