ལི་ཁེ་ཆང་གིས་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གྲོས་ཚོགས་ཀྱི་འགན་འཛིན་པ་ཀྲིན་ཡུས་ཧི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-03


  སྤྱི་ཟླ་11པའི་ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲིག་ཨེར་རྒྱལ་ཁབ་གྲོས་ཚོགས་ཁང་དུ་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གྲོས་ཚོགས་ཀྱི་འགན་འཛིན་པ་ཀྲིན་ཡུས་ཧི་དང་མཇལ་འཕྲད་གནང་།

  ལི་ཁ་ཆང་གིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་ནི་རྒྱ་མཚོའི་ཕར་ཚུར་དུ་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བཞིན་འདུག ང་ཐེངས་འདིར་ལྷོ་ཁོ་རེ་ཡར་འཚམས་འདྲིར་ཡོང་བ་ནི་ཁྱིམ་མཚེས་ཉུལ་བ་དང་གྲོགས་པོར་ལྟ་རུ་ཡོང་བ་ཡིན། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཡིད་ཆེས་སྲ་བརྟན། བརྗེ་རེས་རྒྱ་བསྐྱེད། གསར་གཏོད་མཉམ་འབྲེལ་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ལྷོ་ཁོ་རའི་ཡའི་ཐབས་ཇུས་མཉམ་ལས་འབྲེལ་བ་སྔར་ལས་ལྷག་པར་འཕེལ་རྒྱུས་སུ་འགྲོ་བའི་ཆེད་དུ་ཡིན་ཞེས་བསྟན།

  ལི་ཁེ་ཆང་གིས་ཁྲིམས་འཛུགས་སྡེ་ཁག་གི་མཉམ་འབྲེལ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་སྲིད་གཞུང་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་གྲོས་གཞི་ལ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་གི་རྒྱབ་སྐྱོར་དགོས་པ་རེད། ཕྱོགས་གཉིས་ཀྱིས་རྒྱལ་སྐྱོང་ཁྲིམས་གཉེར་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་བཅོས་བསྒྱུར་སོགས་ཀྱི་ཐད་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་ལྷོ་ཁོ་རེ་ཡའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྟོབས་ཤུགས་གསར་བ་མཁོ་འདོན་བྱ་བ་དང་། ལྷོ་ཁོ་རེ་ཡའི་གྲོས་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ལ་ཕན་ནུས་གལ་ཆེན་འདོན་ཐུབ་པའི་རེ་བ་ཡོད་ཅེས་བསྟན།

  ཀྲིན་ཡུས་ཧི་ཡིས། ཁ་སང་ཙུང་ལི་ལི་ཁེ་ཆང་དང་སྲིད་འཛིན་ཕོའོ་ཅན་ཧིས་གཉིས་ཀྱིས་རྒྱལ་ཁའི་ངང་དབུ་ཁྲིད་ཀྱི་གྲོས་མོལ་གནང་པ་ལ་གྲུབ་འབྲས་ཆེན་པོ་བླངས་པར་ངས་རྟེན་འབྲེལ་ཞུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ལམ་ལུགས་རང་བཞིན་གྱི་འབྲེལ་འདྲེས་རྒྱུན་འཁྱོངས་དང་ཐུན་མོང་གི་ངོས་འཛིན་ལག་བསྟར། མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་པར་རེ་བ་ཡོད། ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འཐབ་ཇུས་མཐུན་སྒྲིག་འཕེལ་རྒྱས་མངོན་འགྱུར་དེ་ཨེ་ཤ་ཡའི་ཤར་ནུབ་ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས་ལ་ཕན་ནུས་གལ་ཆེན་འདོན་ཐུབ། ལྷོ་ཁོ་རེ་ཡའི་ཕྱོགས་ནས་ཀྲུང་གོ་དང་ལྷན་དུ་སྲོལ་རྒྱུན་མཛའ་འབྲེལ་རྒྱན་འཛིན་བྱས་ཏེ་རྣམ་པ་ཀུན་ཏུ་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་བྱ་འདོད། ལྷོ་ཁོ་རའི་ཡའི་རྒྱལ་ཁབ་གྲོས་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་ལ་ཕན་ནུས་གལ་ཆེན་འདོན་འདོད་ལ། ད་ལོར་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་རང་དབང་བཟོ་ཚོང་གི་རྒྱལ་ནང་ཁྲིམས་འཛུགས་གྲོས་རིམ་ལེགས་འགྲུབ་འབྱུང་བར་འབད་པ་བྱ་རྒྱུ་ཞེས་བསྟན།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1