ལི་ཁ་ཆང་གིས་ལྷོ་ཁོ་རེ་ཡའི་ཁེ་ལས་ཀྱི་འགན་འཛིན་པ་གཙོ་བོ་དག་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-03


  སྤྱི་ཟླ་11པའི་ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲིག་ཨེར་ནས་ལྷོ་ཁོ་རེ་ཡའི་ཁེ་ལས་ཀྱི་འགན་འཛིན་པ་གཙོ་བོ་དག་ལ་མཇལ་འཕྲད་གནང་། 

  ལྷོ་ཁོ་རེ་ཡའི་ཁེ་ལས་གཙོ་བོ་དག་གི་འགན་འཛིན་པ་རེ་རེ་ནས་ཐོག་མར་གཏམ་བཤད་སྤེལ་ཞིང་ཀྲུང་གོ་ནས་ཁེ་ལས་གཉེར་པའི་གནས་ཚུལ་ངོ་སྤྲོད་བྱས། དེ་མིན་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་མཉམ་ལས་འབྲེལ་བ་སྐུལ་འདེད་གཏང་བའི་ཐད་ལ་བསམ་འཆར་བཏོན།

  ལི་ཁེ་ཆང་གིས་ནན་གྱིས་འགན་འཛིན་པ་དག་གིས་གཏམ་བཤད་ལ་ཉན་རྗེས་བསྟན་དོན། འདིར་ཞུགས་ཀྱི་ལྷོ་ཁོ་རེ་ཡའི་ཁེ་ལས་ཀྱིས་ཀྲུང་གོ་དང་མཉམ་འབྲེལ་བྱས་པ་སྔ་ཞིང་ཀྲུང་གོའི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་ཞུགས་པ་གཏིང་ཟབ་པ་དེ་ལས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་ཁེ་ལས་ཀྱིས་གཉིས་ཕན་མཉམ་ལས་ཆུ་ཚད་མཐོ་བ་མཚོན་ཡོད། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བཅོས་བཀོད་འཕར་རིམ་དང་བསྟུན་ཏེ་ཀྲུང་གོའི་དངུལ་འཇོག་ཁོར་ཡུག་སྔར་ལས་འཐུས་ཚང་དང་རྒྱ་བསྐྱེད་བཞིན་འདུག  ལྷོ་ཁོ་རེ་ཡ་ཡིས་ཁེ་ལས་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་གོའི་མཉམ་འབྲེལ་རྒྱ་བསྐྱེད་དང་མཉམ་དུ་ཚོང་ར་གསུམ་པའི་རྒྱལ་སྤྱིའི་ཐོན་རྐྱེད་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན།

  ཚོགས་འདུར་ཞུགས་པའི་ཁེ་ལས་པའི་འཐུས་མིས་ཙུང་ལི་ལི་ཁེ་ཆང་གིས་ཐུག་འཕྲད་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་གསར་གཏོད་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གོམ་གང་མདུན་སྤོས་སྒོས་ཀྲུང་གོའི་མཉམ་འབྲེལ་ཤུགས་སྣོན་དང་མཉམ་འབྲེལ་ཁྱབ་ཁོངས་རྒྱ་བསྐྱེད་དེ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཛའ་འབྲེལ་བཟང་པ་བྱ་དགོས་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1