བོད་ལྗོངས་སུ་དམངས་གཉེར་ལས་རིགས་སློབ་གྲྭའི་ལས་ཞུགས་རྒྱ་ཆེར་བཏང་སྟེ་ཞིང་འབྲོག་ཁུལ་གྱི་བུ་ཕྲུག་ལ་ལས་ཞུགས་ཐབས་ལམ་ཇེ་མང་དུ་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


 
    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་དམངས་གཉེར་གཞིས་རྩེ་གྲོང་ཁྱེར་གྱི་ཞིན་ཏ་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭས་ཧུར་བརྩོན་གྱིས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱུད་འཛིན་དང་འཕེལ་རྒྱས་སུ་བཏང་སྟེ། སློབ་མར་ལས་རིགས་ནུས་རྩལ་གསོ་སྦྱོང་བྱས་ནས་ལས་ཞུགས་ཀྱི་སྒོ་མོ་རྒྱ་ཆེར་བཏང་། ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོར་སློབ་གྲྭ་སྤེལ་འགོ་ཚུགས་པ་ནས་བཟུང་། མི་རིགས་ལག་ཤེས་བཟོ་ལས་ཀྱི་ལག་རྩལ་པ་400ཙམ་གསོ་སྐྱོང་བྱས་ཡོད་པ་མ་ཟད་ཁོང་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། དེའི་ནང་སློབ་མ་18གསོ་སྦྱོང་གི་རྗེས་སུ་ཐད་ཀར་སློབ་གྲྭའི་ནང་ནས་ལས་ཞུགས་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1