རྗེས་སྣོན་ཨུ་ཡོན་མི་3ཀྲུང་དབྱང་ཨུ་ཡོན་གྱི་གྲལ་དུ་རིམ་གསབ་བྱས་ཤིང་ཚང་མ་གྲངས་ཉུང་མི་རིགས་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


  ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་2015ལོའི་སྤྱི་ཟླ་10བའི་ཚེས་26ནས་ཚེས་29བར་དུ་པེ་ཅིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་གིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ལི་ཤོ་ཁེ་དང་ཁྲེན་ཀྲེ་རུང་། ཅིན་ཀྲུང་ཅེ་གསུམ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་རིམ་གསབ་བྱ་རྒྱུའི་གྲོས་ཐག་བཅད། 
    དཔོན་རིགས་དེ་གསུམ་ནི་ཚང་མ་པུའུ་རིམ་གཞོན་པ་ཡིན་པར་མ་ཟད་ཚང་མ་གྲངས་ཉུང་མི་རིགས་ཡིན། དེའི་ནང་ད་ལྟ་ཀུའེ་ཀྲོའུ་ཞིང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས་པའི་ལི་ཤོ་ཁེ་ནི་མིའོ་རིགས་ཡིན། ད་ལྟ་ཧའེ་ནན་ཞིང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས་པའི་ཁྲེན་ཀྲེ་རུང་ནི་ལི་རིགས་ཡིན། ད་ལྟ་ཅི་ལིན་ཞིང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས་པའི་ཅིན་ཀྲུང་ཅེ་ནི་ཁྲའོ་ཞན་རིགས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1