དཀར་མཛེས་ཁུལ་གྱི་མི་རིགས་རིག་གནས་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-04


    ཚེས་19ནས་27ཉིན་བར་དུ་སི་ཁྲོན་ཚོང་ཟོག་རྒྱལ་ཡོངས་དུ་བསྐྱོད་པ། ཧུའོ་ཧོ་ཧའོ་ཐེའི་ས་ཚིགས་ཞེས་པའི་བྱེད་སྒོ་དེ་ནང་སོག་གི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས། ད་རེས་ཀྱི་བྱེད་སྒོ་ཡིས་ཀྲུང་གོ།—མོང་གོལ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་དང་སྐབས་དགུ་པའི་ཀྲུང་གོའི་མི་རིགས་ཚོང་ཟོག་ཉོ་ཚོང་འདུ་ཚོགས་དེ་སྟེགས་བུར་བྱས་ནས། ཁྲོམ་ར་རྒྱ་ཆེར་གཏོད་པ།·ཐོན་སྐྱེད་ལ་ཁྲིད་སྟོན་བྱེད་པ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཁྲོན་སོག་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་པ་དང་ཁེ་ལས་ཀྱིས་ཧུར་ཐག་སྒོས་ཞིང་ཆེན་གཞན་གྱི་ཚོང་ར་གཏོད་པར་སྣེ་ཁྲིད་བྱས་ཏེ། རྒྱལ་ནང་གི་ཚོང་རའི་ནང་གི་སི་ཁྲོན་ཐོན་རྫས་ཀྱི་སྐལ་ཆ་མཐོར་འདེགས་སུ་གཏང་རྒྱུ་དེའོ།། 
   དཀར་མཛེས་ཁུལ་གྱི་རིག་གནས་ལེགས་ཆའི་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དཀར་མཛེས་ཁུལ་གྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་ཚོང་ར་རྒྱ་སྐྱེད་གཏོང་བ། དཀར་མཛེས་ཁུལ་གྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་རིག་གནས་ཀྱི་རྨང་གཞི་ཟབ་པོ་དར་སྤེལ་གཏོང་ཆེད། དཀར་མཛེས་ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས་དང་། དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་མཉམ་འབྲེལ་ཐོག་གསར་གཏོད་བྱས་ཤིང་། བཀོད་སྒྲིག་ཞིབ་ཚགས་དང་གྲ་སྒྲིག་ནན་ཏན་ཐོག མངོན་མིན་ཤུལ་བཞག་གི་རིག་གནས་ཐོན་རྫས་ཁེ་ལས་དང་དེ་བཞིན་མི་རིགས་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐོན་རྫས་ཁེ་ལས་5རྩ་འཛུགས་བྱས་ནས་འགྲེམས་སྟོན་ནང་ཞུགས་ཡོད་པ་དང་། དག་གཙང་གི་དཀར་མཛེས་ཞེས་པའི་སྤུས་རྟགས་ཅན་ལ་ནང་སོག་གི་གྲོང་མི་དང་དེ་བཞིན་ཀྲུང་ཕྱིའི་ཡུལ་སྐོར་བའི་དོ་སྣང་ཆེན་པོ་ཐོབ་ཅིང་། མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་པ་རེད། བྱེད་སྒོ་སྤེལ་རིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལི་ ཁྲང་ཕིང་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཝེ་མིང་གིས་ཕེབས་རོགས་འོག་དཀར་མཛེས་ཁུལ་གྱི་འགྲེམས་གནས་3ལ་གཟིགས་སྐོར་གནང་ཞིང་། དཀར་མཛེས་ཁུལ་གྱི་ཁེ་ལས་5ཡི་ཐོན་རྫས་ལ་གཟིགས་ཞིབ་གནང་ནས། ཐོན་རྫས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་དཀར་མཛེས་ཁུལ་གྱི་མི་རིགས་ཐོན་རྫས་ལ་གདེང་འཇོག་ཆེན་པོ་གནང་བ་རེད།
   འགྲེམས་ཚོགས་རིང་། དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཚོང་ཟོག་ནི་སྐབས་འདིའི་འགྲེམས་ཚོགས་ཀྱི་འོད་མདངས་འཚེར་ས་གཅིག་ཏུ་གྱུར་པ་དང་། ཡུལ་སྐོར་དྲིལ་བསྒྲགས་ལག་དེབ་ཚང་མ་འཕྲོག་ནས་ཚར་ཟིན། མི་རིགས་རིག་གནས་ཐོན་རྫས་ཚོང་རའི་ཚོང་འགྲིག་ཚད་སྒོར་ཁྲི་2ལྷག་ལ་ཟིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1