ཞི་ཅིན་ཕིང་དང་མཱ་དབྱིན་ཅིག་རྣམ་གཉིས་ཀྱིས་སིང་གྷ་ཕོར་ནས་གྲོས་མོལ་གནང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


  སྤྱི་ཟླ་11པའི་ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་ཀའི་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་ལས་ཀའི་གཞུང་སྒྲུབ་ཁང་གི་ཀྲའུ་རེན་ཀྲང་ཀྲི་ཅོན་གྱིས་བསྒྲགས་པ་ལྟར་ན། ཀྲུང་གོ་དང་ཐའེ་ཝན་ཕྱོགས་གཉིས་ཀྱི་འབྲེལ་ཡོད་གྲོས་གཞི་ལྟར་ཕྱོགས་གཉིས་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་དང་མཱ་དབྱིན་ཅིག་རྣམ་གཉིས་ཀྱིས་སྤྱི་ཟླ་11པའི་ཚེས་7ཉིན་སིང་གྷ་ཕོར་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་མཐུན་ངང་འཕེལ་རྒྱས་སུ་འགྲོ་བའི་ཐད་ནས་དགོངས་འཆར་བརྗེ་རེས་བྱ་རྒྱུ་རེད། 

  ཀྲང་ཀྲི་ཅོན་གྱིས་ཐེངས་འདིའི་གྲོས་མོལ་ནི་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་དབུ་ཁྲིད་ཀྱི་མིང་ཐོབ་ཐོག་སྤེལ་ཞིང་ཕྱོགས་གཉིས་ཀྱི་གྲོས་ཞིབ་བརྒྱུད་པ་རེད།  འདི་ནི་ཕྱོགས་གཉིས་ཀྱི་ཆབ་སྲིད་འགལ་འདུ་ཐག་གཅོད་མ་བྱས་པའི་གནས་ཚུལ་འོག་ཀྲུང་གོ་གཅིག་གི་རྩ་དོན་ལྟར་གོ་སྒྲིག་བྱས་པ་རེད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1