ལི་ཁེ་ཆང་གིས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


  སྤྱི་ཟླ་11པའི་ཚེས་3ཉིན། རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏོའོ་ཡུས་ཐེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་དང་མཇལ་འཕྲད་གནང་། 

  ལི་ཁེ་ཆང་གིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་འགྲོ་འོང་གཏིང་ཇེ་ཟབ་ཏུ་འགྱུར་བཞིན་ཡོད་པར་མ་ཟད། མཉམ་འབྲེལ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་བཟང་། ཁྱེད་ད་ཐེངས་འཚམས་འདྲི་ཕེབས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་མཛད། ད་ལོའི་ཟླ་6པར་ངས་ཧྥ་རན་སིར་འཚམས་འདྲི་བྱེད་པའི་སྐབས་སྲིད་འཛིན་སྐུ་ཉིད་དང་ཙུང་ལི་ཝར་སི་དང་ཀྲུང་ཧྥའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་པའི་ཐད་ནས་གྲུབ་འབྲས་དང་ཐུན་མོང་གི་ངོས་འཛིན་བྱུང་། ཕྱོགས་གཉིས་ཀྱིས་ཉིང་རྡུལ་ནུས་ཤུགས་དང་དངུལ་རྩ། རྒྱུན་མཐུད་འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་གྲུབ་འབྲས་གསར་བ་བླངས་ཤིང་། ཀྲུང་གོའི་ཕྱོགས་ནས་ཧྥ་རན་སི་དང་ལྷན་དུ་འབད་པ་ཆེན་པོས་རྒྱུན་ཆད་མེད་པར་ཆབ་སྲིད་ཡིད་རྟོན་དང་ལས་གཞི་གལ་ཆེན་ལ་སྐུལ་འདེད། གསར་འབྱེད་ཁྱབ་ཁོངས་ཀྱི་མཉམ་འབྲེལ། མི་ཆོས་རིག་གནས་ཀྱི་བརྗེ་རེས་བཅས་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།

  ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་ནས་ཧྥ་རན་སི་འདུ་པའི་རྒྱལ་སྤྱའི་སྤྱི་ཚོགས་དང་ཤུགས་སྣོན་བྱས་ཏེ་མཉམ་དུ་ཁྱད་པར་ཡོད་པ་དང་དྲང་བདེན། རང་སོ་སོའི་ནུས་ཤུགས་ཀྱི་རྩ་དོན་ལྟར་འོས་འགན་དང་ལེན་བྱས་ཏེ་ཕྱོགས་གཉིས་ཀྱི་བཟོ་ཚོང་དང་མི་སྣ་འགྲོ་འོང་སྟབས་བདེ་ཅན་དུ་གཏང་འདོད་ཅེས་བསྟན།

  ཨོ་ལང་ཏི་ཡིས་ཙུང་ལི་ལི་ཁེ་ཆང་ད་ལོའི་ཟླ་6པར་ཧྥ་རན་སིར་ཕེབས་རྗེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་འབྲེལ་ལ་གྲུབ་འབྲས་ཆེན་པོ་བླངས། ཧྥ་རན་སིའི་ཕྱོགས་ནས་ཀྲུང་གོ་དང་ལྷན་དུ་མུ་མཐུད་དུ་ཉིང་རྡུལ་ནུས་ཤུགས་དང་ཚོང་ར་ཨང་གསུམ་པའི་མཉམ་འབྲེལ་ཐད་ལ་གྲུབ་འབྲས་འབྱུང་བར་འབད་བརྩོན་བྱ་ངེས་ཡིན་པ་དང་། ཀྲུང་གོའི་ཕྱོགས་ནས་པཱ་ལིན་གནས་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་རྒྱལ་ཁར་ཕན་ནུས་གལ་ཆེན་འདོན་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1