ཀྲང་ཏེ་ཅང་གིས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་དང་འཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


      སྤྱི་ཟླ་11པའི་ཚེས་3ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་དང་འཇལ་འཕྲད་གནང་།

      ཀྲང་ཏེ་ཅང་གིས་ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་སྐུ་ཉིད་ཀྱིས་ཀྲུང་ཧྥའི་ཕྱོགས་ཡོངས་མཉམ་འབྲེལ་བའི་ཐད་ནས་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྟོབས་ཤུགས་གསར་བ་བཏོན། དེ་མིན་ཀྲུང་ཧྥའི་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཐད་ནས་མཉམ་འབྲེལ་བཟང་པོ་མངོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧྥ་རན་སིའི་རྒྱལ་དམངས་གྲོས་ཚོགས་དང་གྲོས་གཅོད་ཁང་གི་བརྗེ་རེས་ཇེ་མང་དུ་འགྲོ་བཞིན་པར་མ་ཟད། གཡུར་དུ་ཟ་བའི་འབྲས་བུའང་མང་པོ་བླངས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་གིས་ཕན་ཚུན་གྱི་འགྲོ་འོང་བརྗེ་རེས་ཤུགས་སྣོན་བྱས་ཞིང་དུས་བཅད་ཀྱི་ལམ་ལུགས་རང་བཞིན་གྱི་བརྗེ་རེས་མང་དུ་སྤེལ་ཏེ་བརྗེ་རེས་ཆེད་དོན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་ཕྱོགས་གཉིས་ཀྱི་མཉམ་འབྲེལ་གྱི་ཁྲིམས་ལུགས་སྒྲོམ་གཞི་འཐུས་ཚང་དུ་གཏང་པ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོའི་མཛའ་འབྲེལ་མཉམ་ལས་བཅས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་ཀྲུང་ཧྥའི་འབྲེལ་བ་མུ་མཐུད་དུ་ཀྲུང་གོ་དང་ནུབ་གླིང་འབྲེལ་བའི་སྔོན་གྲས་སུ་བསྙེག་དགོས་ཞེས་བསྟན།

     ཨོ་ལང་ཏི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གོ་གནས་ཤིན་ཏུ་ཆེ། ཧྥ་ཀྲུང་གཉིས་ཀྱི་གྲོས་ཚོགས་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་འབྲེལ་ཤུགས་སྣོན་བྱ་བའི་རེ་བ་ཡོད་ལ། དེ་མིན་རྒྱལ་ཁབ་སོ་སོ་དང་ལས་རིགས་སོ་སོས་གནམ་གཤིས་འགྱུར་ལྡོག་གི་པཱ་ལིན་ཚོགས་འདུ་ལ་མཛད་རྗེས་འཇོག་པར་རེ་སྒུག་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1