དཀར་མཛེས་ཁུལ་འབའ་ཐང་རྫོང་གིས་2015 ལོའི་ལོ་འཁོར་གྱི་སྐབས་དང་པོའི་བོད་སྐད་ཀྱི་སྙན་ངག་གྱེར་འདོན་འགྲན་བསྡུར་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-05


  སྤྱི་ཟླ་11 ཚེས་3 ཉིན། འབའ་ཐང་རྫོང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་དོན་ཁང་གིས་རྫོང་མི་དམངས་སློབ་ཆུང་དང་མཉམ་འབྲེལ་གྱིས་རྒྱལ་གཅེས་དང་དྲིན་དྲན་པ། ཁྲིམས་བཀུར། སྤྱོད་བཀུར་ཞེས་བརྗོད་དོན་གཙོ་བོར་བྱས་པའི་བོད་སྐད་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་ཚོགས། དེའི་ནང་དོན་གཙོ་བོ་ནི་སློབ་མའི་རྒྱལ་གཅེས་རིང་ལུགས་འཛིན་སྲུང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བྱེད་པའི་ཆེད་དུ་ཡིན།
  ཤེས་རྟོགས་བྱས་པར་གཞིགས་ན། རྫོང་དེའི་ནར་མ་སོན་པའི་མི་ཡི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏང་། 2015 ལོར་རང་དངོས་ནས་བསྐྲུན་ཟིན་པའི་བྱིས་པའི་ཕོ་བྲང་3དང་། ཀྲུང་དབྱང་བྱིས་པའི་ཕོ་བྲང་1བཅས་དང་། ཀྲུང་ཧྭའི་གློག་འདོན་དང་རྒྱལ་དར་འོག་གི་གཏམ་བཤད་སོགས་ཀྱི་བྱེད་སྒོ་རིམ་པ་སྤེལ་ཅིང་གྲུབ་འབྲས་ཐོབ། ལོ་ན་མ་སོན་པའི་མི་རྣམས་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་སྔར་བས་ཤུགས་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་དར་སྤེལ་གཏོངས་ཆེད་དུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1