ཧྲན་ཏུང་ཚན་རྩལ་སློབ་ཆེན་ནས་སྐབས་གཉིས་པའི་བོད་ཀྱི་རིག་གནས་འགྲེམ་སྟོན་གཉེར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


  སྤྱི་ཟླ་11 ཚེས་1 ཉིན། ཧྲན་ཏུང་ཚན་རྩལ་སློབ་ཆེན་གྱིས་སྐབས་གཉིས་པའི་བོད་ཀྱི་རིག་གནས་འགྲེམ་སྟོན་དེ་སྐར་ཚོམ་ཐང་ཆེན་དུ་བདེ་བླག་ངང་གཉེར། སློབ་གྲྭ་དེའི་ཏང་ཨུད་གཞུང་ལས་ཁང་དང་སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཝེ། སློབ་མའི་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་དང་སློབ་མའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་པེན་ཞིས་ཁྲུན། ས་ཁམས་ཚན་རིག་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལེ་ཀྲུའུ་ཆེན། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཀོ་ཆེན་སོགས་འགྲེམ་སྟོན་ཚོགས་འདུའི་སྟེང་དུ་ཞུགས།
   འགྲེམ་སྟོན་ཚོགས་འདུའི་ཐོག་བོད་རིགས་ཀྱི་སློབ་གྲོགས་ཚོས་སྣེ་ཁྲིད་འོག  དགེ་སློབ་ཚོས་འགྲེམ་ཁུལ་དུ་ལྟར་སྐོར་བྱས། དེའི་ནང་དུ་བོད་རིགས་ཀྱི་ཡི་གེ་དང་གུས་ལུགས་མཛད་སྒོ། སྲོལ་རྒྱུན་པར་འདེབས། འཛུགས་སྐྲུན། ཕྱུར་བ། ནས་ཆང་། ཇ་བསྲུབས་མ་སོགས་ལ་དགེ་སློབ་རྣམས་ཀྱི་བསྟོད་བསྔགས་ཐོབ། དེར་མ་ཟད་བོད་རིགས་སློབ་གྲོགས་ཚོའི་སྒོར་བྲོ་ཡིས་བོད་རིགས་ཞབས་བྲོའི་འཁྲབ་སྟོན་གྱི་འགྱུར་ཁུག་མངོན་པར་བྱས།
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1