སྤྱི་ཟླ་11 ཚེས་3 ཉིན། དབྱི་ཐ་ལིའི་རོ་མ་ནས། ཐེ་ལེ་བེ་ཆུ་མིག་བརྡོལ་བའི་ཉམས་གསོའི་ལས་གྲྭ་མཇུག་འགྲིལ་བའི་མཛད་སྒོ་སྟེང་ཡང་བསྐྱར་ཆུ་གཏོར་ཡོད། ཉིན་དེར། ཟླ་བ་17རིང་གི་ཐེ་ལེ་བེ་ཆུ་མིག་བརྡོལ་བའི་ཉམས་གསོའི་ལས་གྲྭ་དངོས་སུ་ལེགས་གྲུབ་ཟིན། ཐེ་ལེ་བེ་ཆུ་མིག་བརྡོལ་བ་ནི་1762ལོར་བསྐྲུན་ཅིང་། དེ་ལ་གསོལ་འདེབས་རྫིང་བུ་ཞེས་འབོད། དེ་ནི་རོ་མ་གུང་གསེང་ཞེས་པའི་གློག་བརྙན་འཁྲབ་སྟོན་བྱེད་ས་རེད།