བོད་དབྱིས་བར་ཁྱམས་ཀྱི་མི་རིགས་རིག་གནས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-08


  གཡག་རྔ་ནི་དཀར་མཛེས་དང་རྔ་བ། ལའང་ཧྲན་བཅས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་གསུམ་དང་འདབས་འབྲེལ་དུ་གནས་ཤིང་། ཁྲེན་ཏུའུ་བདེ་ཐང་དང་མདོ་དབུས་མཐོ་སྒང་གི་བར་བརྒལ་གྱི་ས་མཚམས་ཤིག་དང་། མིང་དོན་གཉིས་ལྡན་གྱི་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་བར་ཁྱམས་ཤིག་རེད། གཡག་རྔ་ནི་རིག་གནས་ཀྱི་རྫོང་སྟུག་ཅིང་ལོ་རྒྱུས་ཀྱི་བཞུར་རྒྱུན་ཆེས་རིང་བའི་མི་རིགས་མང་པོ་འདུས་སྡོད་བྱས་པའི་ས་ཆ་ཞིག་རེད། 

  གནས་འདིར་དབྱིས་རིགས་ཀྱི་དཔལ་འབར་དུས་ཆེན་དང་ཨར་སུའུ་བོད་རིགས་ཀྱི་རི་བྱའི་དུས་ཆེན། མི་ཉག་བོད་རིགས་ཀྱི་གོས་སྐུ་བཤམས་པའི་དུས་ཆེན་སོགས་མི་རིགས་རང་བཞིན་དང་ས་གནས་རང་བཞིན་གྱི་ཁྱད་ཆོས་བླ་ལྷག་ལྡན་པའི་རིག་གནས་དུས་ཆེན་མང་པོ་སྤེལ་བཞིན་ཡོད། གཡག་རྔའི་གཞི་རྒྱ་ཆེ་བའི་རིག་གནས་དུས་ཆེན་དང་བྱེད་སྒོ་དེ་དག་གཡག་རྔ་མི་དམངས་ཀྱི་བསམ་བློའི་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་ཞིག་ཏུ་གྱུར་འདུག དེ་མིན་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་དུས་ཆེན་འདི་དག་གིས་ཡུལ་སྐོར་ལྗོངས་རྒྱུ་བ་མང་པོ་ཞིག་གི་ཡིད་ཀྱི་དང་བ་འདྲེན་བཞིན་མཆིས།

 

གླུ་གར་ལ་རོལ་བཞིན་པ། 

 

ཨར་སུའུ་བོད་རིགས་ཀྱི་དུས་ཆེན།


སྲོལ་རྒྱུན་ལག་བཟོ་ལ་བྲེལ་བཞིན་པའི་བོད་རིགས་བུད་མེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1