ལས་བྱེད་མི་སྣས་མི་ཧྲེང་རྒན་རྒས་ལ་དྲོད་ལེན་གློག་ཆས་བགོས་སྤྲོད་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-09


    མིག་སྔར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ས་གནས་སུ། 4·25ས་འགུལ་གྱི་གནོད་ཐེབས་ཁུལ་གྱི་བཀོད་སྒྲིག་ས་གནས་ཀྱི་གཉའ་ལམ་རྫོང་འགྲམ་གྲོང་རྡལ་གྱི་དུད་ཚང་505ཡི་གནོད་འཚེ་ཕོག་པའི་མང་ཚོགས་ཁྱོན་བསྡོམས་1758ཚང་མ་སྦྲ་གུར་གྱི་གནས་སྐབས་ཀྱི་འཕྲལ་སྡོམ་བཀོད་སྒྲིག་ས་གནས་ནས་འགྲམ་གྲོང་རྡལ་གྱི་གཞིས་ཁུལ་འགན་སྲུང་སྡོད་ཁང་དུ་བར་བརྒལ་བཀོད་སྒྲིག་བྱེད་པ་བདེ་བླག་ངང་མངོན་འགྱུར་བྱུང་། འགྲམ་གྲོང་རྡལ་གྱི་གཞིས་ཁུལ་ནང་དུ་ཉེན་དོན་ཁང་དང་དངུལ་རྩའི་ཞབས་ཞུ་ས་ཚིགས། བུ་བཅོལ་ཁང་། ཚོང་ཁང་སོགས་ཚང་མ་ཡོད། 
    ཤེས་རྟོགས་བྱུང་བར་གཞིགས་ན། འགན་ལེན་རང་བཞིན་གྱི་སྡོད་ཁང་ཚང་མར་སྟབས་བདེའི་བོད་བཟོའི་ཁྱིམ་ཆས་བཀོད་སྒྲིག་བྱས་ཡོད་པ་དང་། ད་དུང་མང་ཚོགས་ལ་དྲོད་ལེན་གློག་ཆས་བགོས་སྤྲོད་བྱ་རྒྱུ་གྲ་སྒྲིག་བྱས་ཡོད། སྨི་གྲུ་བཞི་མ་1500ལྷག་གི་གཞུང་ལས་དང་། བཟའ་བཏུང་། རོལ་རྩེད་བཅས་གཞི་གཅིག་ཏུ་སྡུད་པའི་ཕྱོགས་བསྡུས་ཞབས་ཞུ་ཐོག་ཁང་ཞིག་ཟླ་11པའི་ཟླ་དཀྱིལ་དུ་ལས་མཇུག་འགྲིལ་རྒྱུ་རེད། སྐབས་དེར་འགྲམ་གྲོང་རྡལ་གྱི་གཞིས་ཁུལ་གྱི་བྱེད་ལས་ནི་སྔར་བས་འཐུས་ཚང་ཡིན་པ་དང་། གཞིས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་ཡོང་བ་རེད། འདི་ནི་ལས་བྱེད་མི་སྣས་(སྔོན་རྗེས) འགྲམ་གཞིས་ཁུལ་གྱི་མི་ཧྲེང་རྒན་རྒོན་ལ་འཚམས་འདྲིའི་དངོས་པོ་སྤྲོད་པའི་རྣམ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1