ཉེ་ཆར། དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གི་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་རྫོང་ཨུའི་ཏང་གི་སློབ་གྲྭ་ནས་2015ལོའི་ལོ་འཁོར་གྱི་སྐབས་གཉིས་པའི་གཞི་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས། ཕྱག་ཕྲེང་རྫོང་གི་གཞི་རིམ་ལས་བྱེད་པ་140ལྷག་ད་ཐེངས་ཀྱི་གསོ་སྦྱོང་བྱེད་སྒོ་ནང་དུ་ཞུགས། གསོ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད། རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་བཏགས་བོད་སྐྱོར་ལས་བྱེད་པ་ཀྲང་ཁྲའོ་ཡོན་གྱིས་《སློབ་གསོའི་དམངས་ཕན་སྲིད་ཇུས་དང་འགྲོ་ལུགས་སྒྲུབ་སྟངས་།》ཞེས་པ་ཁ་བྱང་བྱས་ནས་གསོ་སྦྱོང་ནང་ཞུགས་མཁན་ཕྱག་ཕྲེང་གི་གཞི་རིམ་ལས་བྱེད་པ་ཡོངས་ལ་ཆེད་དོན་སྒྲོག་འགྲེལ་གྱི་ཟུར་ཁྲིད་བྱས།
གསོ་སྦྱོང་ནང་ཞུགས་མཁན་གཞི་རིམ་ལས་བྱེད་པས་སྒྲོག་འགྲེལ་གསོན་ཉམས་ལྡན་ལ་ནང་དོན་ནི་གཞི་རིམ་གྱི་ལས་དོན་དངོས་དང་ཉེ་བས། ཚང་མས་གུ་ཡངས་སྤྲོ་སྐྱིད་ཁྲོད་ནས་ངོས་འཛིན་བྱེད་ཚད་ཇེ་མཐོར་ཕྱིན་པ་དང་། ཤེས་བྱ་བསླབ་ཐུབ་ཅིང་ནུས་པ་ཆེར་བསྐྱེད་ཡོང་བར་འདོད། ཁོ་ཚོས་སྦྱངས་པའི་འབྲས་བུ་དག་དངོས་ཡོད་ཀྱི་ལས་ཀའི་ནང་དུ་བེད་སྤྱོད་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྔར་ལས་ལྷག་པའི་ཞབས་ཞུ་སྒྲུབ་རྒྱུ་ཡིན་ཞེས་བཤད།།