འགྲེམ་སྟོན་ཡུལ་དངོས།
སྤྱི་ཟླ་11པའི་ཚེས་9ཉིན། ལྷ་སའི་ཡིག་གཟུགས་མཁན་མཐུན་ཚོགས་སོགས་སྡེ་ཁག་དག་གིས་གཙོ་སྒྲུབ་གནང་བའི་སྐབས་དང་པོའི་ལྷ་སའི་ཡིག་གཟུགས་བརྐོས་རིས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་སྤེལ་འགོ་ཚུགས།
ཐེངས་འདིའི་འགྲེམ་སྟོན་བྱེད་སྒོས་སྒྱུ་རྩལ་གསར་རྩོམ་ལ་ཕན་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་སྟེ་ལྷ་སའི་གཞི་རིམ་གྱི་ཕུལ་བྱུང་ཡིག་གཟུགས་མཁན་གྱི་སྙིང་སྟོབས་གསར་རྙེད་དང་རྒྱབ་སྐྱོར་བྱེད་པ་དམིགས་སུ་བཟུང་ཡོད། ཐེངས་འདིའི་འགྲེམ་སྟོན་བྱེད་སྒོའི་སྟེང་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་སོ་སོའི་ཡིག་གཟུགས་སྒྱུ་རྩལ་ལ་མོས་འདུན་ཡོད་མཁན་དང་གསར་རྩོམ་ཆུ་ཚད་མཐོན་པོ་ལྡན་པའི་གཞི་རིམ་ལས་བྱེད་པའི་བོད་རྒྱའི་ཡིག་གཟུགས་དང་བརྐོས་རིས་སོགས་བརྩམས་ཆོས་116འགྲེམ་སྟོན་བྱས།
འགྲེམ་སྟོན་ཡུལ་དངོས།
ལྷ་སའི་ཡིག་གཟུགས་མཁན་མཐུན་ཚོགས་ཀྱི་འགན་འཛིན་པ་ཀའོ་ཡན་ཧུང་གིས་ཐེངས་འདིའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་གྱི་རྣམ་པ་གསར་ཞིང་ཚགས་དམ་པ། སྒྱུ་རྩལ་གྱི་བྱང་ཚད་མཐོ་ཞིང་ཡིག་གཟུགས་ཀྱི་རྣམ་གྲངས་འཐུས་ཚང་ཡིན་པས་དཀྱེལ་ཡངས་རང་བཞིན་དང་འཐུས་ཚབ་རང་བཞིན་གྱི་ཁྱད་ཆོས་ལྔན་ཞེས་བསྟན།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིར་འགྲེམ་སྟོན་བྱས་པའི་བརྩམས་ཆོས་དག་ལས་སྒྲུབ་པས་སྒྲིག་སྦྱོར་བྱེད་བཞིན་པའི་སྒང་ཡིན་ལ། འཆར་གཞི་ལྟར་ན་ཟླ་བཅུ་གཉིས་པའི་ནང་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད། །