ཀྲང་ཏེ་ཅང་གིས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཁྱོ་ཏོ་ལི་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-11


  སྤྱི་ཟླ་11པའི་ཚེས་10ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཁྱོ་ཏོ་ལི་དང་གྲོས་མོལ་མཛད།

  ཀྲང་ཏེ་ཅང་གིས་ཐོག་མར་ཀྲུའུ་ཞི་ཉིད་ཀྱིས་ད་ལོར་འཚོགས་པའི་སྐབས་བཞི་པའི་འཛམ་གླིང་གྲོས་དཔོན་ཚོགས་ཆེན་གྱི་རྣམ་པར་ཕྱིར་དྲན་བྱས་ཤིང་། ཁོང་གིས་ཚོགས་འདུ་དེར་རྒྱལ་ཁབ་140ཡི་གྲོས་ཚོགས་འགན་འཛིན་པ་ཞུགས་ཤིང་། མཉམ་དུ་རྒྱལ་སྤྱིའི་ལས་དོན་གལ་ཆེན་ཐད་གཏིང་ཟབ་པའི་བགྲོ་གླེང་གནང་པ་དང་ཚོགས་འདུའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་། དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་མཛད། ཀྲུང་གོའི་ཕྱོགས་ནས་ཚོགས་འདུ་རྒྱལ་ཁའི་ངང་འཚོགས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཅེས་བསྟན།

  ཀྲང་ཏེ་ཅང་གིས་གྲོས་ཚོགས་མནའ་འབྲེལ་ཚོགས་པ་ནི་ལོ་རྒྱུས་ཀྱི་དུས་ཡུན་ཆེས་རིང་ཞིང་གཞི་རྒྱ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེས་ཆེ་བའི་གྲོས་ཚོགས་ཀྱི་རྩ་འཛུགས་ཤིག་རེད། རྒྱལ་ཁབ་སོ་སོའི་གྲོས་ཚོགས་དང་མི་དམངས་བར་གྱི་བརྗེ་རེས་ངོས་འཛིན་དང་མཛའ་འབྲེལ་མཉམ་ལས་སྤེལ་སའི་སྟེགས་བུ་ཞིག་ཏུ་གྱུར་ཟིན། འདིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ནུས་གལ་ཆེན་འདོན་བཞིན་འདུག ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་གྲོས་ཚོགས་མནའ་འབྲེལ་གྱི་འབྲེལ་བར་འཕེལ་རྒྱས་སུ་འགྲོ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད། དེ་མིན་མུ་མཐུད་དུ་གྲོས་ཚོགས་མནའ་འབྲེལ་གྱི་ལས་དོན་ལ་ཟབ་ཞུགས་དང་ཤུགས་ཆེན་པོའི་རྒྱབ་སྐྱོར་བྱས་ཏེ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཅེས་བསྟན།

  ཀྲང་ཏེ་ཅང་གིས་ཐེངས་འདིའི་གྲོས་དཔོན་ཚོགས་ཆེན་དང་གྲོས་ཚོགས་མནའ་འབྲེལ་གྱིས་རྒྱུད་མཐུད་འཕེལ་རྒྱས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་བཞིན་འདུག ད་ལོའི་སྤྱི་ཟླ་9པའི་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་ཁབ་སོ་སོའི་དབུ་ཁྲིད་རྣམས་ཀྱིས་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་འཁོར་70པའི་མཐོ་རིམ་མུ་འབྲེལ་གྲོས་ཚོགས་སུ་ཞུགས་ཏེ་གྲུབ་འབྲས་ཆེན་པོ་བླངས། དེ་ལས་འཕེལ་རྒྱས་མཐོ་རིམ་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་པའི་2030ཡི་རྒྱུད་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གྱིས་མ་འོངས་པའི་ལོ་ངོ་15ནང་འཛམ་གླིང་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དང་འཛམ་གླིང་གི་མཉམ་འབྲེལ་འཕེལ་རྒྱས་ལ་མཛུབ་སྟོན་གྱིས་ནུས་པ་ཐོན་ངེས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་འཆམ་བྱུང་བའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྒྲིག་གཞི་ལས་ཀྲུང་གོ་རང་འགུལ་སྒོས་2030ལོའི་རྒྱུད་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དུ་ཞུགས་པར་གསལ་པོར་བསྟན་ཡོད་ཅེས་བསྟན།

  ཁྱོ་ཏོ་ལི་ཡིས་ཀྲུང་གོས་གྲོས་ཚོགས་མནའ་འབྲེལ་གྱི་ལས་ཀར་རྒྱབ་སྐྱོར་དང་སྐབས་བཞི་བའི་འཛམ་གླིང་གི་གྲོས་དཔོན་ཚོགས་འདུ་རྒྱལ་ཁའི་ངང་འཚོགས་པར་བྱས་རྗེས་བཞག་པར་བཀའ་དྲིན་ཞུ། གྲོས་ཚོགས་མནའ་འབྲེལ་གྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་འབྲེལ་བྱས་ཏེ་གྲོས་རིམ་ལག་བསྟར་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1