སི་ཁྲོན་ཀན་སུའུ་མཚོ་སྔོན་བཅས་ཞིང་ཆེན་གསུམ་དང་ཁུལ་ལྔ་ཡིས་འབྲེལ་མཚམས་ས་ཁུལ་འཆམ་མཐུན་དང་བརྟན་ལྷིང་ངང་ཐུན་མོང་ཐོག་སྐུལ་འདེད་གཏོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13


    ཀྲུང་དབྱང་གི་བོད་ཀྱི་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་དཔུང་པ་མཉམ་གཤིབ་ཀྱིས་འབྲེལ་མཚམས་ས་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཆེད་དུ། སྤྱི་ཟླ་11པའི་ཚེས་11 ཉིན། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ཁུལ་ལྔས་ཁྲིམས་སྐྱོང་ནན་ཏན་དང་ཐུན་མོང་ཐོག་བདེ་འཇགས་སྐྲུན་པའི་མཐའ་མཚམས་ཀྱི་མཉམ་ལས་གྲོས་ཚོགས་མའོ་རྫོང་ནས་འཚོགས། འཚོལ་ཞིབ་བྱས་ནས་ཐུན་མོང་ཐོག་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་ཞིང་ཆེན་གསུམ་གྱི་ཁྱིམ་མཚེས་ཁུལ་ལྔས་མཉམ་འགུལ་གྱིས་ཁྲིམས་ལྟར་བཅོས་སྐྱོང་གི་མཉམ་ལས་ལམ་སྲོལ་བཙུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་ལི་ཚོགས་འདུར་ཞུགས།
    ཚོགས་འདུའི་ཐོག སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་དང་དཀར་མཛེས་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ། མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱིས་《སི་ཁྲོན་ཀན་སུའུ་མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ཁུལ་ལྔས་ཁྲིམས་སྐྱོང་ནན་ཏན་དང་ཐུན་མོང་ཐོག་བདེ་འཇགས་སྐྲུན་པའི་མཐའ་མཚམས་ཀྱི་མཉམ་ལས་གྲོས་མཐུན།》ལ་མིང་རྟགས་བཀོད།   གྲོས་མཐུན་ལ་གཞིགས་ན། ཞིང་ཆེན་གསུམ་དང་ཁུལ་ལྔས་འཚོལ་ཞིབ་བྱས་ནས་བདེ་འཇགས་འཛུགས་སྐྱོང་གི་ལས་སྟེགས་དང་མཛའ་མཐུན་མཉམ་ལས་ཀྱི་ལས་སྟེགས་གསར་གཏོད་བྱས་ནས། ནུས་ཤུགས་ཡོད་རྒུས་གནས་ཚུལ་གལ་ཆེན་གྱི་བརྡ་ཁྱབ་དང་། ཆ་འཕྲིན་སྤེལ་རེས་དང་མཉམ་སྤྱོད། ཁུལ་ཁོངས་ལས་བརྒལ་བའི་ཆོས་ལུགས་བྱེད་སྒོའི་མཉམ་འབྲེལ་དོ་དམ། གྱོད་དོན་ཞིབ་བཤེར་གཞོགས་འདེགས། འགལ་ཟླ་དང་རྩོད་གཞི་མཉམ་འབྲེལ་ཐོག་སྙོམས་སྒྲིག གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད། ཉེས་དོན་གྱི་བྱས་ཉེས་མཉམ་རྡུང་། སྤྱི་ཚོགས་བདེ་འཇགས་མཉམ་འགོག་སོགས་ཀྱི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྱོན་ཡོངས་ནས་བདེ་འཇགས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཧུར་ཐག་སྒོས་ལས་ཕྱོད་ཆེ་ཞིང་མཉམ་འགུལ་བྱེད་པའི་གཞི་གཅིག་ཅན་གྱི་ལས་ཀའི་རྣམ་པ་འཛུགས་རྒྱུ་དེ་རེད།
    གྲོས་ཚོགས་ནས་ནན་བཤད་བྱས་དོན། བོད་ཁུལ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། རང་རྟོགས་ངང་ལས་དོན་གྱི་འགན་འཁྲིའི་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། མིག་སྔའི་བོད་ཁུལ་ལས་དོན་གྱི་དུས་བབས་ལས་འགན་ཁོངས་སུ་ཆུད་པར་བྱས་ནས། ཕྱོགས་ཡོངས་ནས་ཀྲུང་དབྱང་གི་བོད་སྐྱོང་བོད་དར་བོད་འཛུགས་ཀྱི་འཐབ་ཇུས་བསམ་བློ་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བྱེད་དགོས། མཉམ་ལས་དམ་ཟབ་དང་རྡོག་རྩ་གཅིག་སྒྲིལ་སྒོས་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་དང་ཕྱོགས་གང་ཅིའི་སྟོབས་ཤུགས་སྐུལ་སྤེལ་བྱས་ནས་ལས་ཀའི་སྟོབས་ཤུགས་ཆེན་པོ་ཆགས་སུ་བཅུག་ཅིང་། ཐུན་མོང་ཐོག་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་འཆམ་མཐུན་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་དགོས། 
    ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོང་རུན་ཆིའུ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ཡོན་ཐང་ཏ་ཧུའེ་བཅས་ཚོགས་འདུར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1