ཀྲུང་གོའི་མི་རིགས་མང་པོའི་རྩོམ་པ་པོ་ཝུན་ཁྲོན་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-13


    སྤྱི་ཟླ་11པའི་ཚེས་10ཉིན། ཀྲུང་གོའི་མི་རིགས་མང་པོའི་རྩོམ་པ་པོ་ཝུན་ཁྲོན་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས།བོད་རིགས་དང་འཇང་རིགས།  ཐུའུ་ཅ་རིགས། ཀྲོང་རིགས། ཏུང་རིགས། དབྱིས་རིགས།  ཆའང་རིགས་བཅས་ཀྱི་རྩོམ་པ་པོ་21ཐེངས་འདིའི་བྱེད་སྒོར་ཞུགས།
    ཐེངས་འདིའི་བྱེད་སྒོ་དེ་ནི་《མི་རིགས་རྩོམ་རིག》དུས་དེབ་ཁང་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས། 《མི་རིགས་རྩོམ་རིག》གི་གཙོ་འགན་རྩོམ་སྒྲིག་པ་ཧྲི་ཡེས་ནེན་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་པའེ་ཀུན་ཧྲེང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཏང་གི་ལས་དོན་ཀྱི་ཀྲུའུ་ཞི་གཞོན་པ་ཀྲིས་ཅིན་བཅས་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཉིན་གསུམ་གྱི་བྱ་འགུལ་ཁྲོད། རྩོམ་པ་པོ་རྣམས་ཝུན་ཁྲོན་ས་གནས་ཁག་དུ་བསྐྱོད་དེ་ཝུན་ཁྲོན་རྫོང་གི་བོད་རིགས་དང་ཆའང་རིགས། ཧུའེ་རིགས་སོགས་ཀྱི་མི་རིགས་ཡུལ་སྲོལ་གོམས་འདྲིས་དང་དུས་ཡུན་རིང་ཞིང་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་བྱེད་རྒྱུ་ཡིན་པ་དང་། བརྗོད་བྱ་གཙོ་བོ་དར་སྤེལ་དང་དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས་བྱས་ནས། ཝུན་ཁྲོན་གསར་བ་བཞེངས་སྐྲུན་དང་ལོ་རྒྱུས་རིག་གནས་སྔོག་འདོན་བྱེད་པ་ཞེས་པའི་བརྗོད་གཞིར་དམིགས་ནས། ཝུན་ཁྲོན་གྱི་ས་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཚོན་རྒྱུ་བརྗོད་བྱར་བྱས་པའི་ཕུལ་བྱུང་གི་བརྩམས་ཆོས་སྐོར་ཞིག་གསར་རྩོམ་བྱེད་རྒྱུ་དེ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1