ཝང་ཏུང་མིང་གིས་ཨ་མེ་རི་ཁའི་རྒྱལ་ཡོངས་ཀྱི་ཀྲུའུ་གྲོས་ཚོགས་ཀྱི་ཀྲུའུ་ཞི་པུའུ་ལན་པུ་ལྷན་ཕེབས་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13



   སྤྱི་ཟླ་11པའི་ཚེས་11ཉིན་གྱི་སྔ་དྲོ། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་མིང་གིས་ཁྲེན་ཏུའུ་ནས་ཨ་མེ་རི་ཁའི་རྒྱལ་ཡོངས་ཀྱི་ཀྲུའུ་གྲོས་ཚོགས་ཚོགས་འདུའི་ཀྲུའུ་ཞི་དང་ཡིའུ་ཐ་ཀྲུའུ་གྲོས་ཁང་གོང་མའི་ཀྲུའུ་ཞི་པུའུ་ལན་པུ་དང་ལྷན་ཕེབས་འཐུས་མི་ཚོགས་པ་དང་བཅས་པར་མཇལ་འཕྲད་གནང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཞའོ་ལིན་ལྷན་དུ་མཇལ་འཕྲད་ལ་ཞུགས།
   ཝང་ཏུང་མིང་གིས་པུའུ་ལན་པུ་ཀྲུའུ་ཞི་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་སི་ཁྲོན་དུ་རྟོག་ཞིབ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1