ཕེ་རིས་ཡེ་ཤུའི་མ་ཡུམ་མཆོད་ཁང་དུ་རྐྱེན་ལམ་དུ་ཤོར་མཁན་དག་ལ་རྗེས་དྲན་གྱི་མཆོད་འབུལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-17


       སྤྱི་ཟླ་11ཚེས་15ཉིན། ཧྥ་རན་སིའི་མང་ཚོགས་རྣམས་ཕེ་རིས་ཡེ་ཤུའི་མ་ཡུམ་མཆོད་ཁང་དུ་འཛོམས་ནས་ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་སོང་བའི་མི་རྣམས་ལ་རྗེས་དྲན་གྱི་མཆོད་འབུལ་བྱས།

       ཉིན་དེའི་དགོང་མོར། ཧྥ་རན་སིའི་ཕེ་རིས་ཡེ་ཤུའི་མ་ཡུམ་མཆོད་ཁང་དུ་དམངས་ཚོགས་དང་རྐྱེན་ལམ་དུ་ཤོར་སོང་བའི་ཁྱིམ་མི། དེ་བཞིན་སྲོག་ཉེན་ལས་ཐར་ཡོད་པ་རྣམས་མཉམ་དུ་འཛོམས་ནས་ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་སོང་བའི་མི་རྣམས་ལ་རྗེས་དྲན་གྱི་མཆོད་འབུལ་བྱས།

       མིག་སྔའི་བར་དུ། གཟའ་ཕུར་བུའི་དགོང་མོར་ཕ་རི་སིའི་གྲོང་ཁྱེར་ལྟེ་གནས་སུ་བྱུང་པའི་འཇིགས་སྐུལ་འཇབ་རྒོལ་རབ་དང་རིམ་པའི་ཁྲོད། མི་129རྐྱེན་ལམ་དུ་ཤོར་བ་དང་། མི་352ལ་རྨས་སྐྱོན་ཕོག་ཡོད་པ་དང་དེའི་ནང་གི་མི་99ལ་རྨས་སྐྱོན་ཆེན་པོ་ཕོག།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1